[A:298]པོ༑ ༑ལུས་ཆུང་ཡང་ལྷ་ཡི་རྣམ་འཕྲུལ་ཅན། །སྣོད་གསེར་སྐྱོགས་ཆང་གིས་གང་བ་འདི། །བུ་ཁྱོད་རང་གི་ཞང་པོའི་ལག་ཏུ་གཏོད། །མ་གང་ཡིན་གྱི་ཡིད་ཆེས་དེ་ལ་བྱེད། །གསུངས་ཏེ། དམོད་བོར་ནས་སྲས་གོམ་པ་ཐུབ་ཙམ་དེ་བཏང་ནས། དེར་སྲས་ཀྱི་གོམ་པ་བོར་ནས་བྱོན་པ་དང༌། སྣ་ནམ་པ་རྣམས་ཀྱིས་གོས་དང༌། རྒྱན་ དང༌། མེ་ཏོག་གི་ཕྲེང་བ་ལ་སོགས་བསྟན་ནས་བོས་ཀྱང༌། འགྲོར་མ་ཉན་པར་རྒྱ་རྣམས་ཀྱི་རྩར་བྱུང་སྟེ། གསེར་སྐྱོགས་རྒྱ་ལ་གཏད་ནས་འདི་སྐད་ཟེར་རོ། །ང་ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ཡིན། །སྣ་ནམ་ཞང་གི་དོན་མི་འཚལ། །ཟེར་ཏེ། ཞང་པོ་རྒྱའི་པང་དུ་སོང་ངོ༌། །དེར་ཡུམ་རྒྱ་མོ་ཤིན་ཏུ་དགའ་སྟེ་འདི་སྐད་ཟེར་རོ། །ཚེ་སྔོན་མའི་ལས་ཀྱི་འཕེན་པ་ཡིས། །ང་རྒྱ་ནས་འོངས་པའི་བུ་མོ་ལ། །རྗེ་འདྲེན་eds: ༼འགྲན་༽ མེད་རྒྱལ་པོའི་སྲས་ཞིག་འཁྲུངས། །ལས་གང་ཡང་སྲིད་པའི་སྔོན་ཆད་ལ། །བུ་རང་ལ་སྐྱེས་པ་གཞན་གྱིས་ཕྲོགས། །གཏམ་བདེན་པའི་ཚིག་ལ་མ་ཉན་ཞིང༌། ། བྲང་ནུ་མ་བསྟན་ཀྱང་མ་གཏད་པས། །ང་རྒྱ་མོའི་ལུས་སེམས་གཞོབ་ཏུ་ཐལ། ། སེམས་ཁོང་ཁྲོའི་ན་ཚ་མ་བཟོད་པར། །ཡུལ་བོད་ཀྱི་རི་དཔྱད་ཉམས་སུ་བཅུག ། དུས་དེ་རིང་ལྷ་ཡི་ཉི་མ་ཤར། །བུ་ཁྱོད་ཀྱིས་ཞང་ངོ་ཤེས་པ་ལགས། །ང་ཨ་མའི་ལུས་སེམས་མལ་དུ་བདེ། །ཡུལ་བོད་ཀྱི་རི་དཔྱད་ཉམས་པ་དེ། །རི་དེ་རྣམས་ལ་སྐྱོན་མེད་བཅོས་སུ་ཡོད། །ཅེས་ཟེར་རོ། །དེར་རྒྱ་མོའི་སྲས་ཡིན་པར་ངོ་ཤེས་ནས། དགའ་སྟོན་གྱི་སྟོན་མོ་ཆེན་པོ་བྱས་སོ། །དེར་སྲས་དགུང་ལོ་ལྔ་ལོན་དུས་ཡུམ་འདས་སོ། །ཡབ་རྒྱལ་པོ་མེས་ཨག་ཚོམ་ནི། དགུང་ལོ་དྲུག་ཅུ་རེ་གསུམ་ལ་ཡར་འབྲོག་སྦ་ཚལ་མཁར་གཤེགས་སོ། །དེའི་བང་སོ་མུ་ར་རི་ལ་བརྩིགས། ། གྲལ་ནི་འཕྲུལ་གྱི་རྒྱལ་པོའི་གཡོན་ན་ཡོད། །མིང་ནི་ལྷ་རི་གཙུག་ནམ་བྱ་བ་