[A:341]ལ་སྲས་གསུམ་བྱུང་བ་དཔལ་ལྡེ་འོད་ལྡེ་སྐྱིད་ལྡེ་གསུམ་ཡིན་ཏེ། འདི་གསུམ་ལ་སྨད་དུ་བཞུགས་པའི་ལྡེ་གསུམ་ཟེར། སྲས་ཆེ་བ་དཔལ་ལྡེའི་སྲས་ནི་སྔོན་པོ་ཚོམ་པོར་ཐུགས་ཏེ། ཁབ་གུང་བ་ཀླུ་རྒྱལ་བ་སྤྱི་པ་ལྟ་རྩེ་གླང་ལུང་བཙད་འཁོར་བ་རྣམས་ཏེ། ལ་སྟོད་མན་ཆོད་པ་རྣམས་ཡིན་ནོ། །སྲས་ཆུང་བ་སྐྱིད་ལྡེ་ཤངས་རྟ་ནག་ཏུ་ཕོག སྲས་དྲུག་བྱུང་བའི་ལྔ་བྱང་དུ་གཤེགས་ཏེ། འབྲོའི་བཙད་པོ་དང༌། གཡས་རུ་རུ་ལག་གི་བཙད་པོ་པམ་དང༌། མུས་པ་དང་འཇང་ཉང་སྟོད་ན་ཡོད་པ་རྣམས་སོ། །སྲས་འབྲིང་པོ་འོད་ལྡེ་ལ་སྲས་བཞི་བྱུང་བ། ཕ་བ་དེ་སེ་ཁྲི་ལྡེ་ཁྲི་ཆུང་ཉག་ལྡེའོ། །ཕ་བ་དེ་སེའི་བརྒྱུད་སྣུབ་ཡུལ་དང་རོང་དང༌། གཡག་སྡེ་ཉང་སྟོད་སྟག་ཚལ་ན་ཡོད་དོ། ཁྲི་ལྡེའི་བརྒྱུད་ནི་ཤར་ཙོང་ཁའི་རྒྱལ་པོ་སྤྱན་མངའ་དོན་ཆེན་ལ་སོགས་པ་མདོ་སྨད་ཀྱི་བཙད་པོ་ད་ལྟ་བཞུགས་པ་རྣམས་ཡིན་ནོ། །ཉག་ལྡེའི་བརྒྱུད་གཙང་གཡས་རུ་ན་ཡོད། སྐྱིན་མཁར་བཙད་པོའི་བར་དུའོ། ཁྲི་ཆུང་གིས།
ཡར་ལུང་ཇོ་བོའི་ཡང་མེས།
ཡར་ལུང་དུ་བྱོན་ནས་སྐུ་མཁར་འཕྱིང་བ་སྟག་རྩེ་བཟུང༌། དེའི་སྲས་འོད་སྐྱིད་འབར། དེ་ལ་སྲས་བདུན་བྱུང་བའི་ཆེ་བ་ཞང་རྗེ་ཚ་ཁྲི་འབར། དེའི་གཅུང་པོ་བཙད་པ་ཚ་སྤུན་དྲུག ཞང་རྗེ་ཚ་ཁྲི་འབར་གྱི་སྲས་དྲུག་ལ་གཡུ་ཐོག་གི་བརྒྱད་སྣ་མོ་བ་འཕྱིང་ང་བ་དོན་མཁར་བ་ཐང་འཁོར་བ་རྣམས་སོ། ། གཅུང་པོ་བཙད་པ་ཚ་སྤུན་དྲུག་ནི་ལྷ་སྤྱད་དང༌། བརྒྱུད་མེད།
གཡུ་ཅན་གཉིས་འདི་ནས་ཡར་ལུང་ཇོ་བོ་བྱུང༌།
དར་དང་བརྒྱུད་མེད་
ལྷུན་པོ་གཉིས་བརྒྱུད་མེད་
འོད་ལྡེ་དང་གུང་བཙན་གཉིས་ཏེ་དྲུག་གོ །འོད་བཙན་དང་གུང་བཙན་གྱི་བརྒྱུད་ནི་ཁྲ་འབྲུག་པ་བྱིང་བ་བྱར་བ་ཆུ་མིག་གོག་པོ་ན་ཡོད་པ་རྣམས་སོ། །གཡུ་ཅན་ནི་གར་མི་ཡོན་ཏན་གཡུ་རུང་གིས་གདན་དྲངས་ནས་བྱས་སར་བྱོན་ཏེ་བཞུགས། དེའི་སྲས་ཇོ་དགའ། དེ་