R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 141
[A:141]རྒྱལ་པོ། འ་ཆ་རྟའི་རྒྱལ་པོ། གོའུ་ཏའི་རྒྱལ་པོ།
འདིས་རྒྱལ་ས་ལོ་དྲུག
ཐོ་ལོ་ནོ་ཡན་རྒྱལ་པོ་དང་བཞིའོ། །མདོ་འཆི་རྒྱལ་པོ་ལ་སྲས་བརྒྱད་བྱུང་བ། ཆ་ག་ཏའི་རྒྱལ་པོ་ལ་སྲས་དགུ། ཨོ་གུ་ཏའི་རྒྱལ་པོའི་སྲས་ཆེ་བ་གོ་ཡུག་རྒྱལ་པོ།
འདིས་རྒྱལ་ས་ལོ་ཕྱེད།
དེའི་གཅུང་པོ་གོ་དན་ཁ་ཤི་ཁན། གོ་ཡུག་རྒྱལ་པོ་
འདིས་རྒྱལ་ས་ཟླ་བ་དྲུག
་ལ། སྲས་ལྔ་བྱོན་པའི་ཆེ་བ། མོན་ཁ་གན་གྱི་རྒྱལ་པོ།
འདིས་རྒྱལ་ས་ལོ་དགུ།
གུ་བེ་ལྷ་སེ་ཆེན་གན་གྱི་རྒྱལ་པོ།
འདི་སེ་ཆེན་རྒྱལ་པོ་ཡིན།
ཧཱུ་ལ་ཧཱུ་
འདི་སྟོད་ཧོར་གྱི་རྒྱལ་པོ་གདུལ་བྱ་ཆེ།
ཟ་ཡིན་ཨེ་ཀ་བ་རི་བོ་ཁ་ཆེ། སེ་ཆེན་རྒྱལ་པོ་རྒྱལ་སར་བྱོན་པ་ཡན་དང༌། སྟོན་པ་མྱ་ངན་ལས་འདས་པ་མན་ལ་ལོ་སུམ་སྟོང་དང་ཉིས་བརྒྱ་ལྔ་བཅུ་ང་བརྒྱད།
ཡང་སེ་ཆེན་རྒྱལ་པོའི་བུ་མོ་ཆུང་བ་ཞིག་ལ། སྲས་བརྒྱད་འཁྲུངས་པའི། ཧྲཱུ་གར་ཆེ། ཨ་རོག་ཆེ། གོ་ལོད་དེ་མུར། ཨེ་སེན་བ་ཁ༑ ཐོ་གན། གོ་གོ་ཆུ། རྡོ་རྗེའོ། །ཨ་རོག་ཆེའི་སྲས། རྒྱལ་པོ་ཐི་མུར་བོ་ཁ།
ཙནྡན་ཇོ་བོ་བཞེངས་ནས་ལོ་སུམ་སྟོང་དང་ལྔ་བརྒྱ་སོང་ཞེས་རྒྱའི་དེབ་ཐེར་དང༌། བླ་མ་ཆོས་ཀྱི་རྒྱལ་པོའི་ཤེས་བྱ་རབ་གསལ་མཐུན་པར་འདུག་གོ །སེ་ཆེན་རྒྱལ་པོས་ལོ་སུམ་ཅུ་སོ་ལྔ་རྒྱལ་ས་བཟུང་བའི་སྲས་བཞི་བྱོན་པ། རྡོ་རྗེ། ཇིམ་གིན། མངྒ་ལ། ནོ་མོ་གན་དང་བཞིའོ། །ཇིམ་གན་རྒྱལ་པོ་ལ་སྲས་གསུམ་ཡོད་པའི། ཀ་མ་ལ་རྒྱལ་པོ། དྷརྨ་པཱ་ལ། ཨོལ་བྱ་ཐུལ་རྒྱལ་པོ།
འདིས་རྒྱལ་ས་ལོ་བཅུ་གསུམ།
དྷརྨ་པཱ་ལའི་རྒྱལ་པོ་དང༌། བཙུན་མོ་ཧོང་ཐའི་ཟུང་གཉིས་ལ་སྲས་གཉིས་བྱུང་བའི་གོ་ལུག་རྒྱལ་པོ།
འདིས་རྒྱལ་ས་ལོ་བཞི།
ཨ་སུ་ཏ་བུ་ཡན་རྒྱལ་པོ།
འདིས་རྒྱལ་ས་ལོ་དགུ།
ཨ་སུ་ཏ་བུ་ཡན་རྒྱལ་པོ་ལ་སྲས་གཉིས་བྱུང་བའི། གེ་གན་རྒྱལ་པོ། སིདྡྷི་ཕ་ལ་རྒྱལ་པོའོ། །གེ་གན་རྒྱལ་པོའི་སྲས་ཀ་མ་ལ་རྒྱལ་པོ། དེའི་སྲས་ཡེ་སུན་ཐེ་མུར་ཙི་དབང་རྒྱལ་པོ།
འདིས་རྒྱལ་ས་ལོ་ལྔ༑
དེའི་སྲས་ར་ཁྱི་ཕག་རྒྱལ་པོ།
འདིས་རྒྱལ་ས་ཞག་བཞི་བཅུ།
གོ་ལུག་རྒྱལ་པོ་ལ་སྲས་