R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 178
[A:178]པའི་རུམ་དུ་སྒྲོན་མེ་སྦར་བ་ལྟར་གྱུར་ཏེ། རིན་པོ་ཆེའི་གླིང་དུ་གཟིགས་སོ། །ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་ལ། འཕགས་པ་སྤྱན་རས་གཟིགས་ཀྱིས། མཐའ་འཁོབ་ཁ་བ་ཅན་པའི་སེམས་ཅན་རྣམས་ཆོས་ལ་བཀོད་པའི་ཕྱིར་དུ། སྤྲུལ་པའི་རྒྱལ་པོར་སྐུ་སྤྲུལ་ནས། གང་ལ་གང་འདུལ་གྱིས་སེམས་ཅན་གྱི་དོན་བྱེད་པའི་སྣང་བ་བྱུང་ངོ༌། །མི་ནག་ཐ་མལ་བ་རྣམས་ཀྱི་སྣང་བ་ལ། རྒྱལ་པོ་ལ་སྲས་འགྲན་ཟླ་དང་བྲལ་བའི་ངོ་མཚར་བ་ཞིག་འཁྲུངས་པར་མཐོང་ ངོ་༑ ༑དེར་རྒྱལ་བུ་དེ་ནར་ལོན་དུས། བཟོ་དང༌། རྩིས་དང༌། སྒྱུ་རྩལ་དང༌། རིག་པའི་གནས་ལྔ་ལ་མཁས་ཤིང་ཡོན་ཏན་དང་ལྡན་པར་གྱུར་པས། བློན་པོ་རྣམས་ན་རེ། འོ་ཅག་ཚོའི་རྗེ་འདི་ནི་ཡོན་ཏན་དུ་མ་དང་ལྡན་ཏེ། ཐུགས་ཤིན་ཏུ་སྒམ་མོ་ཟེར་བས། མཚན་ཡང་སྲོང་བཙན་སྒམ་པོ་ཞེས་གྲགས་སོ། །དེ་ནས་རྒྱལ་པོ་དེ་དགུངལོ་བཅུ་གསུམ་ལོན་དུས། ཡབ་འདས་ཏེ། རྒྱལ་སར་བྱོན་པ་ཡིན་ནོ། །དེ་ནས་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དེའི་ཐུགས་ཀྱི་དགོངས་པ་ལ། བདག་གིས་ཁ་བ་ཅན་འདིར་སེམས་ཅན་གྱི་དོན་བྱེད་པ་ལ། ས་ཕྱོགས་གང་དུ་ཕྱིན་ལ་བསྒོམ་སྙམ་པ་དང༌། བདག་གི་ཡབ་མེས་ལྷ་ཐོ་ཐོ་རི་སྙན་ཤལ། འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་དེས། ལྷ་ས་དམར་པོ་རིའི་རྩེ་ལ་བཞུགས་འདུག་པ། བདག་གིས་ཀྱང་ཡབ་མེས་ཀྱི་ཞབས་ཀྱིས་བཅགས་པའི་ས་ཆ། བཀྲ་ཤིས་ཤིང་ཉམས་དགའ་བའི་ས་གནས་དེར་ཕྱིན་ལ། སེམས་ཅན་གྱི་དོན་བྱེད་པར་དགོངས་ཏེ༑ དེར་ཡར་བསྣོན་སྦྲ་སྟོད་ཚལ་དུ་དགོངས་མན་ལ། ནངས་པར་གྲོ་བཏེག་སྟེ། ཡར་འཕྲང་ཡི་གེ་དྲུག་པའི་དྲུང་དུ་ཁལ་ཕོག ཁལ་མ་རྣམས་བཟན་ལ་སྐྱེལ་ནས། དེར་གྲོ་བཏབ་བོ། །དེ་ནས་རྒྱལ་པོས་ཆབ་ལ་སྐུ་ཁྲུས་གསོལ། ཆུའི་ནང་ན་འོད་