[A:182] ཙ་དང་ཛ་གཉིས་ར་ཡི་བུ། །འཕུལ་དང་མཐའ་བརྟེན་མི་བྱེད་ཅིང༌། །མ་བུ་གཉིས་ཀ་མི་བྱེད་པའི། །རང་ས་འཛིན་པའི་ཡི་གེ་བཅུ། ཁ་ཆ་ཐ་པ་ཚ་ཝ་ཞ་ཡ་ཤ་ཨ། ག་བ་ཡི་གེ་ཀུན་ཏུ་རྒྱུ། །
མ་དང་བུ་གཉིས་ཀ་བྱེད། འཕུལ་དང་མཐའ་བརྟེན་གཉིས་ཀ་བྱེད།
སྟེང་ན་ཞ་ལྟར་ལྡིང་བ་གསུམ། །ན་རོ་གི་གུ་འགྲེང་པོ་སྟེ། །འདི་གསུམ་ཡི་གེ་ཀུན་ལ་ཁྱབ། །འོག་ན་གདན་ལྟར་མཛེས་པ་གསུམ། །ཡ་ཏ་ར་ཏ་ཞབས་ཀྱུ་སྟེ། །ཡ་ཏ་འདོགས་པའི་ཡི་གེ་བདུན། །ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ། །ར་ཏ་འདོགས་པའི་ཡི་གེ་བཅུ་གཅིག་ཡོད། ཀྲ་ཁྲ་གྲ་པྲ་ཕྲ་བྲ་མྲ་སྲ་ཤྲ་དྲ་ཧྲ། ཞབས་ཀྱུའི་ཡི་གེ་ཀུན་ལ་ཁྱབ། ཀྱུ་ཁྱུ་ཀྲུ་ཁྲུ། ཡ་ཏ་ར་ཏ་གཉིས་ལའང་ཁྱབ། འདོགས་དང་སྡེབ་སྦྱོར་བློ་ལ་ཤར་རོ། ། གཞན་ཡང་ལཱཉྪ་ལྷའི་ཡི་གེ་འདྲ། ཧ་དང་འ་གཉིས་ཀྱིས་ཡི་གེའི་བུ་བྱེད་པ་དང༌། ན་ལོག ཤ་ལོག ཐ་ལོག་བྱེད་པ་སོགས་ནི། སཾ་སྐྲྀ་ཏའི་སྐད། བོད་དུ་གཟུངས་སྔགས་སུ་འགྱུར་དུས། ཡི་གེའི་རྣམ་དཔྱོད་ལ་མཁས་པའི་པཎྜིཏ་རྣམས་ཀྱིས་རྟིང་དུ་བཅོས་སོ། །
དེ་ལ་དཔེ་བྱས་ནས་ཡི་གེ་དབུ་ཅན་དུ་བྱས། ཝརྟུ་ལ་ཀླུའི་ཡི་གེ་འདྲ། དེ་ལ་དཔེ་བྱས་ནས་ཡི་གེ་ཟུར་ཅན་དུ་བྱས་སོ། །འདི་ནི་ཟུར་ཙམ་ཡིན་གྱིས། རྒྱས་པར་འདོད་ན་ཐོན་མིས། དང་པོ་ཡི་གེའི་རྣམ་འགྱུར་གྱི་བཟོ་བརྩམ། ཀ་མད་སུམ་ཅུར་བསྒྱུར། སྡེབ་སྦྱོར་བསྒྲིག་པའི་གཞི་མ། ཐོན་མིའི་མདོ་རྫིའི་སྒྲ་མདོ་བྱ་བ་ཡོད་ཀྱིས་དེ་དག་ལ་གཟིགས་ཤིག གཞན་ཡང་བློན་པོ་ཐོན་མི་དེས། པཎྜི་ཏ་ལྷ་རིག་པའི་སེང་གེ་ལ། སྒྲའི་བསྟན་བཅོས་ཐམས་ཅད་བསླབས་ནས། རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཏེ། འདུས་པ་རིན་པོ་ཆེའི་ཏོག མདོ་ཟ་མ་ཏོག སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་རྣམས་བོད་དུ་བསྒྱུར། ལོ་རྒྱུས་གཅིག་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཡང་བསྒྱུར་ཟེར་བའང་འདུག མདོར་ན་བློན་པོ་ཐོན་མི་དེ། བསླབ་ཤེས་ཀྱི་ཡོན་