R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 185
[A:185]  ཅན་པའི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེའམ། །
ཐོན་མིའི་ང་རྒྱལ་ཟེར།
ཞེས་ཟེར་བས། བློན་པོ་རྣམས་གཅིག་ལ་གཅིག་ལྟ་ཞིང༌། འགྲན་སེམས་མེད་པར་གྱུར་ཏོ༑ ༑དུས་དེ་ཙ་ན། ཡང་གྲགས་ཀྱི་བློན་པོ་སུམ་བརྒྱ་ལ།
ཕྱི་ནང་བར་གསུམ་གྱི་བློན་པོ་འདི་རྣམས་ཀྱི་མིང་ཐང་ཡིག་ཆེན་མོ་ནས་བསྡུས།
མིང་ཆེན་གྱི་བློན་པོ་བཅུ་དྲུག་ཡོད། མེད་ཐབས་མེད་པའི་བློན་ཆེན་བཞི།
ཞེས་པ།
རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་ཞབས་ཏོགཕྱི་ནང་བར་གསུམ་གྱི་བྱ་བ་བྱེད་པའི་བློན་པོ། བྱང་ཆུབ་སེམས་དཔའི་གདུང་བརྒྱུད་བློན་པོ་བཅུ་དྲུག་གི་ཐོག་དྲངས་པའི་བློན་པོ་སུམ་བརྒྱ་ཡོད་དོ། །དེའང་ཕྱི་བློན་བཙན་པོ་དྲུག ནང་བློན་བཟང་པོ་དྲུག བཀའི་འཕྲུལ་བློན་བཞིའོ། །དེ་ལ་ནང་བློན་བཟང་པོ་དྲུག་ནི། འཕྲུལ་གྱི་སྣ་ཆེན་རིག་བཟང༌།
ཁྲ་འབྲུག
ཞང་པོ་རྒྱལ་གྱི་ཁྲམ་བཟང༌།
ཧོར་ཡིན།
ཅོག་རོ་རིགས་པའི་སྐད་བཟང༌།
ཅོག་རོ།
ལྷར་གཟིགས་ཤོག་པོ་བསྟན་བཟང༌།
ཁམས་པ།
ཀའི་གཉགས་སྟོན་འཕེལ་བཟང༌།
རྒྱ་མ་ཡར་སྟོན།
སྦས་ལྕང་དཔལ་གྱི་ལེགས་བཟང༌།
སྦས་ཀྱི་སྐྱེད་ཐག་རིང་མོའང་ཟེར།
ལ་སོགས་ཏེ། བློན་པོ་བརྒྱ་ཐམ་པས། རྒྱལ་པོའི་སྐུའི་ཞབས་ཏོག་དང༌། ནང་གི་བྱ་བ་ཐམས་ཅད་བྱེད་དོ། །ཕྱི་བློན་བཙན་པོ་དྲུག་ནི།
བྱང་གི་ཁྱུང་པོ་ཡིན།
ཁྱུང་པོ་སྦུ་ན་བཟང་བཙན།
ཡར་སྟོད་པ།
ལམ་ཁྲི་བདེ་ལྷག་ཁྲི་བཙན།
འཕན་ཡུལ་རྒྱལ་བ།
མུ་ཁྲི་རྡོ་རྗེ་གནམ་བཙན།
འཇད་པ།
མཐིང་གི་བྱང་ཆུབ་མཆོག་བཙན།
མཆོང་རྒྱས་པ།
ཐར་པ་ཀླུའི་དཔལ་བཙན།
ཡར་ལུང་སོན་པ།
རོང་པོ་འཕྲུལ་གྱི་ལྡེ་བཙན་ལ་སོགས་པའི་བློན་པོ་བརྒྱ་ཐམ་པས་ཕྱི་བློན་བྱེད། ཤར་
ཕྱོགས་
རྒྱ་དང༌། མི་ཉག་གི་ཡུལ་ནས་བཟོ་དང་རྩིས་ཀྱི་དཔེ་བླངས། ལྷོ་ཕྱོགས་རྒྱ་གར་གྱི་ཡུལ་ནས་དམ་པ་ཆོས་ཀྱི་སྒྲ་བསྒྱུར། ནུབ་ཕྱོགས་སོག་པོ་དང༌། བལ་པོའི་ཡུལ་ནས་ཟས་ནོར་ལོངས་སྤྱོད་ཀྱི་གཏེར་