[A:186]མཛད། བྱང་ཕྱོགས་ཧོར་དང་ཡུ་གེ་རའི་ཡུལ་ནས་ཁྲིམས་དང་ལས་ཀྱི་དཔེ་བླང༌། མདོར་ན་ཕྱོགས་བཞི་ལ་དབང་བསྒྱུར་ཞིང་ལོངས་སྤྱོད་ནས། འཛམ་གླིང་ཕྱེད་ཀྱི་ཁ་ལོ་སྒྱུར་བའི་རྒྱལ་པོ་མཛད་དོ། །ཐོན་མི་སམྦྷོ་ཊ། མགར་སྟོང་བཙན་ཡུལ་བཟུང༌།
སྟོད་ལུང་རམ་པ་བ།
འབྲི་སེ་རུ་གོང་སྟོན། འབྲི་ཁུང་བ།
ཉང་ཁྲི་བཟང༌། ཉང་སེར་བ༑
ཡང་སྟོན་ལ་སོགས་པ་བློན་པོ་བརྒྱ་ཐམ་པས་བར་གྱི་ཁོད་སྙོམས། རྒྱལ་པོས་བཀའ་སྩལ་པ་བཞིན། དགེ་བ་བཅུའི་ཁྲིམས་བཅའ་བ་སྟེ། བཟང་ལ་བྱ་དགའ་སྟེར། ངན་པ་ལ་ཆད་པ་གཅོད། མཐོ་བ་ཁྲིམས་ཀྱིས་གནོན། དམའ་བ་ཐབས་ཀྱིས་སྐྱོང༌། སྐུ་བསྲུང་སྡེ་བཞིར་སྤྱད། ཕུ་ཆུ་རྫིང་དུ་བསྐྱིལ། མདའ་ཆུ་ཡུར་བར་དྲངས། བྲེ་སྲང་གཏན་ལ་ཕབ། ཞིང་ལ་ལྷུ་རུ་སྤྱད། མི་ལ་ཡི་གེ་བསླབས། རྟ་ལ་མདོངས་སུ་བྲིས། ལེགས་པའི་དཔེ་སྲོལ་བཙུག་སྟེ། འཐབ་མོ་བྱས་པ་ལ་ཆད་པ། བསད་པ་ལ་ཆེ་ཆུང་གི་སྟོང་བྱེད་པ། བརྐུས་པ་ལ་བརྒྱད་འཇལ་ངོས་དང་དགུ། བྱེ་བྱས་པའི་ཡན་ལག་གི་ཕྲན་བཅད་ནས་ཡུལ་གཞན་དུ་སྤྱུགས་པ། རྫུན་བྱས་པའི་ལྕེ་གཅོད་པའོ། །གཞན་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང༌། དད་པ་དང་མོས་གུས་བྱ་བ། ཕ་མ་ལ་དྲིན་དུ་གཟོ་ཞིང་བཀུར་སྟི་བྱ་བ། མི་དྲིན་ཆེན་དང་ཕ་ཁུ་རྒན་གསུམ་གྱི་ཡི་མི་གཅོད་ཅིང༌། བཟང་པོའི་ལན་བྱེད་པ། མི་ཡ་རབས་དང་རིགས་བཙུན་པ་ལ་མི་རྒོལ་ཅིང་དང་དུ་ལེན་པ། ལས་དང་སྤྱོད་པ་ཐམས་ཅད་ཡ་རབས་ཀྱི་རྗེས་སུ་འབྲང་བ། ལྷ་ཆོས་དང་ཡི་གེ་ལ་བློ་འཇུག་ཅིང་དོན་ཤེས་པར་བྱ་བ། ལས་རྒྱུ་འབྲས་ལ་ཡིད་ཆེས་ཤིང༌། མི་དགེ་བ་འབའ་ཞིག་ལ་འཛེམ་པ། མཛའ་བཤེས་དང་ཁྱིམ་མཚེས་ལ་ཕན་འདོག་ཅིང་གནོད་སེམས་མི་བྱ་བ། གཞི་དྲང་པོར་བྱ་ཞིང་བློ་སེམས་དཔང་དུ་འཇོག་པ། ཟས་ཆང་ལ་ཚོད་