R102: རྗེ་བཙུན་ཆོས་ཀྱི་རྗེ་རྡོ་རྗེ་གདན་པ་ཆེན་པོ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་པ།

  • Pagination (Witness A): 1b
[A:1b]ན་མཿསངྒུ་རུ་པཱ་དཱ་ཡཱ། Thu mi Lineage འདིར་བདག་ཅག་རྣམས་ཀྱི་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་ཆོས་ཀྱི་རྗེ་མཁྱེན་རབ་ཀྱི་དབང་ཕྱུག་རྡོ་རྗེ་གདན་པ་ཆེན་པོ་ཇི་ལྟར་བྱོན་པའི་ཚུལ་ནི། བསྟན་པ་སྔ་དར་གྱི་དུས། བོད་གངས་ཅན་གདུལ་བའི་གཉེན་པོར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་འཕྲུལ། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་ཞེས་བྱ་བ་བྱོན། དེའི་བཀའི་འཕྲུལ་བློན་ཆེན་པོ་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཐུ་མི་སམྦྷོ་ཊ། ཞེས་བྱ་བ་ཤེས་རབ་ཅན་གྱི་མཆོག་ཏུ་གྱུར་པ་ཞིག་བྱུང༌། ཐུ་ཞེས་པ་རུས་ཡིན། མཚན་དངོས་ལ་སམྦྷོ་ཊ་ཞེས་བཟང་པོར་འཆད་པ་ཡོད་ཀྱང༌། ཡི་གེ་གསར་རྙིང་མང་པོ་ན་སམྦྷ་ཏྲ་ཟེར་བ་ཡོད། དེའི་སྐད་དོད་ཀུན་ཏུ་བཟང་པོ་ཡིན་ཞིང༌། མཁན་པོ་འདི་ཉིད་ཀྱིས་མཛད་པའི་བསྟན་བཅོས་ཀྱི་མིང་མཛད་པ་པོ་ལས་བཏགས་པ་མང་བས། འདིར་ཡང་མཛད་པ་པོ་ལས་བསྟན་བཅོས་ཀྱི་མིང་བྱུང་བར་གསལ་ལོ།Kun dga' rnam rgyal main hagiography ཞེས། དཔལ་