R102: རྗེ་བཙུན་ཆོས་ཀྱི་རྗེ་རྡོ་རྗེ་གདན་པ་ཆེན་པོ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་པ།

  • Pagination (Witness A): 2a
[A:2a]ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་གསུང་ངོ༌། འདི་ནི་རྒྱལ་པོའི་ལུང་གིས་རྒྱ་གར་དུ་ཆོས་སློབ་ཏུ་བཏང༌། པཎ་ཌི་ཏ་བརྒྱ་རྩ་བརྒྱད་བསྟེན། ཁྱད་པར་དུ་ལྷ་རིག་པའི་སེང་གེ་དང་བྲམ་ཟེ་ལི་བྱིན་ལས་མཁས་པར་བསླབས། བོད་དུ་ཆོས་མང་པོ་བསྒྱུར། བོད་ཡིག་བརྩམས། འཇིག་རྟེན་གྱི་མིག་ལྟ་བུར་གྱུར་པས་ལོ་ཙཱ་བ་ཞེས་པའི་ཐོག་མར་བྱོན་པ་ཡིན་ནོ། དེའི་བུ་མཧཱ་ས་ཏྭ། དེའི་བུ་ཡེ་ནག དེའི་བུ་ཉི་མ་ཀློང་གསལ། དེའི་བུ་བེར་ནག་ཅན། དེའི་བུ་མོན་མོ། དེའི་བུ་གཙོ་བོ་ལྷ་སྲས། དེའི་བུ་བསོད་ནམས་རྒྱལ་པོ ། དེའི་བུ་རྒྱལ་པོ་དགའ། དེའི་བུ་རྟ་མགྲིན་རྒྱལ་མཚན། དེའི་བུ་དཔོན་རྡོ་རྗེ་བཀྲ་ཤིས་ཞེས་པའི་བསོད་ནམས་ཅན་ཞིག་བྱུང་བ་རྒྱ་ཡུལ་ལ་བྱོན། དུ་དབེན་ཤའི་ལས་ཀ་ལོན་པས་རྡོར་བཀྲས་དུ་དབེན་ཤ་ཟེར། དེའི་སྲས་དཔོན་བཞི་འཛོམ་ཞེས་འཇིག་རྟེན་གྱི་མེས་པོ་ལྟ་བུ་དེ་ལ་གོང་མ་གྲགས་པ་རྒྱལ་མཚན ་གྱིས་གཞིས་ཀ་གོང་དཀར་གྱི་རྫོང་དཔོན་བསྐོས། དེའི་སྲས་རྒྱལ་བ་ཤེས་རབ་ཅེས་པ་མིའི་ལུས་ལ་ལྷའི་རྣམ་དཔྱོད་འདྲ་བ་ཞིག་བྱུང༌། Birth ཡབ་འདི་དང་ཡུམ་སྐྱེ་དགུའི་བདག་པོ་དཔལ་ལྡན་རྡོ་རྗེ་བདེ་མ་གཉིས་ཀྱི་སྲས་སུ་འཁྲུངས་པ་ཡིན་ཏེ། དེ་ཡང་དུས་འཁོར་བ་ལུགས་ཀྱི་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་སུམ་བརྒྱ་དང་བརྒྱད་འདས་ཞིང་དགུ་པའི་དུས། རྒྱ་གར་བའི་ལོའི་མིང་ཡོངས་འཛིན་ཞེས་བྱ་བ་ཆུ་ཕོ་བྱི་བའི་ལོའི་སྨིན་དྲུག་གི་ཟླ་བའི་ཡར་ཚེས་བཅོ་བརྒྱད་ཀྱི་ཐོ་རངས་རྒྱལ་ཆེན་གླིང་