[A:2b]གི་ཁང་བཟང་དུ་ངོ་མཚར་བའི་ལྟས་མང་པོ་དང་བཅས་ཏེ་སྐུ་བལྟམས་སོ། དེ་དུས་ཀྱི་སྐུའི་རིམ་གྲོ་གཟུངས་གྲྭ་ལྔ་ལ་གཙོ་བོར་བྱས་པས་མཚན་ཡང་གྲྭ་ལྔ་རྒྱལ་པོ་ཞེས་གསོལ་ལོ།
Early Education and visionary encounter with mGon po zhal bzhi
ཆུང་ངུའི་དུས་ནས་རིགས་སད་པའི་སྟོབས་ཀྱིས་འབྲི་ཀློག་ལ་སོགས་པ་ཐོགས་པ་མེད་པར་མཁྱེན་པར་བྱུང༌། ཡུམ་གྱི་ཐུགས་དགོངས་ལ་སྡེ་སྲིད་འཛིན་པ་ཞིག་འོང་སྙམ་སྐྱེ་བོ་གསོ་ཐིགས་དང༌། ས་སྐྱ་ལེགས་བཤད་ལ་སོགས་པ་རྒྱ་བོད་ཀྱི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་མང་པོ་དང༌། རྒྱ་བོད་ཀྱི་རྒྱལ་རབས་དང༌། གཞན་ཡང་རྟ་གླང་བརྟག་པ་དང༌།
གོ་མཚོན་བརྟག་པ་ལ་སོགས་པ་མང་པོ་སློབ་ཏུ་བཅུག་པ་ན། མངོན་དུ་དེ་དག་ཚེགས་མེད་པར་མཁྱེན་ཏེ། ལྐོག་ཏུ་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་དང༌། རྒྱ་བོད་ཀྱི་མཁས་པའི་བསྟན་བཅོས་མང་པོ་ལ་གཟིགས་ཤིང༌། ཁྱད་པར་དུ་ས་སྐྱ་པ་ཡབ་སྲས་ཀྱི་གསུང་རབ་ལ་ཤིན་ཏུ་མོས་པར་མཛད་པས། མངོན་སུམ་དུ་མེས་པོ་ཡིན་ཟེར་བའི་མི་མདོག་ནག་པ་སྨ་ར་དང་ཐོག་ཅོག་དཀར་པོ་ཡོད་པའི་རྐང་དུང་བཟུང་བ་ཞིག་གིས་གཏོར་ཟན་སྐམ་པོ་སྟེར་ཞིང་"ཁྱོད་ཀྱི་གྲོགས་ངས་བྱེད་པ་ཡིན"་ཟེར་བ་རྒྱུན་དུ་བྱུང་གསུང་བས། དེ་དུས་ནས་གཉན་མགོན་ཞལ་བཞི་པས་རྗེས་སུ་བཟུང་བར་གྲགས་སོ།
Appointed as Gong dkar district governor and early relgious training under the masters from Brag thog
དེ་ནས་རེ་ཤིག་ལ་གཞན་དབང་གི་སྟབས་སུ་སོང་ནས། དགུང་ལོ་བཅོ་ལྔ་ལ་མེ་ཕོ་སྟག་གི་ལོ་ལ་གཞིས་ཁ་གོང་དཀར་དུ་ཕེབས། ཡུམ་གྱི་ཐུགས་བཞེད་དང་བསྟུན་ནས་ལོ་ཤས་ལ་སྡེ་སྲིད་འཛིན་པ་མཛད་ནའང༌། དེའི་ཕུན་ཚོགས་ཐམས་ཅད་དུག་ཆུ་དང་སྦྱར་བའི་བཟའ་བཏུང་བཞིན་དུ་གཟིགས་པས་གཏན་ནས་བོར་ཏེ། སངས་རྒྱས་