[A:3b]་ལ་སོགས་པ་སྡེབ་སྦྱོར་གྱི་བསྟན་བཅོས་རྣམས་ཆ་ལག་དང་བཅས་པ་ལ་ཤིན་ཏུ་མཁས་པར་མཛད།
Further training under Ye shes rgya mtsho, Dus 'khor ba, Gling smad paN chen, Byams chen rab 'byams pa, etc.
ཞྭ་ལུ་བ་སློབ་དཔོན་རིན་པོ་ཆེ་ཡེ་ཤེས་རྒྱ་མཚོའི་དྲུང་དུ། རྣལ་འབྱོར་རྒྱུད་ཀྱི་བཀའ་ལུང་བཤད་པ་ཕྱག་ལེན་ཆ་ལག་དང་བཅས་པ་ལ་མཁས་པར་མཛད། དུས་འཁོར་བ་དཔལ་དོན་གྲུབ་ཀུན་དགའི་དྲུང་དུ།
དུས་ཀྱི་འཁོར་ལོའི་དབང༌། རྒྱུད་འགྲེལ་གྱི་བཤད་པ། རྩིས་ཀྱི་ས་རིས་དང་བཅས་པ་ལ་མཁས་པར་མཛད། གྲྭ་སྟོན་རིག་པའི་དབང་ཕྱུག་ཤེས་རབ་དཔལ་ལྡན་དང༌། བྱམས་ཆེན་རབ་འབྱམས་པ་ཀུན་མཁྱེན་སངས་རྒྱས་འཕེལ་སོགས་ཀྱི་དྲུང་དུ། བཀའ་ཆེན་བཞིས་གཙོ་བྱས་པའི་ཕྱི་སྡེ་སྣོད་ཀྱི་ཕྱོགས་རྣམས་ལ་མཁས་པར་མཛད། བཀའ་འགྱུར་བར་གྲགས་པ་སེམས་དཔའ་ཆེན་པོ་ཤཱཀྱ་རྒྱལ་མཚན་པའི་དྲུང་དུ། བཀའ་འགྱུར་བསྟན་འགྱུར་གྱི་ལུང་ཆེས་ཤིན་ཏུ་རྒྱ་ཆེ་བར་བཞུགས་པ་རྣམས་ཡོངས་སུ་རྫོགས་པར་གསན
Construction of Gong dkar Chos sde
དེ་ནས་དགུང་ལོ་སུམ་བཅུ་རྩ་གསུམ་པ་ཤིང་ཕོ་སྤྲེའུའི་ལོ་ལ་བསྟན་པའི་གཞི་མ་དཔལ་རྡོ་རྗེ་གདན་གྱི་གཙུག་ལག་ཁང་ཆེན་པོ་བཏབ། དགེ་འདུན་གྱི་སྡེ་མདོ་སྔགས་ཀྱི་བཤད་པ་ཕྱག་ལེན་ཆ་ལག་དང་བཅས་པ་མཐའ་ཡས་པ་གཙུགས། ལོ་འདི་སྨེ་བ་གཉིས་ནག་དབུས་ན་ཡོད་པ་ལ་མཁས་རྨོངས་ཕལ་པོ་ཆེས་ནག་པོ་ཆེན་པོའི་འཁུ་ལྡོག་ཡོང༌། བླ་མ་ཞང་ལྟ་བུས་ཀྱང་ལྕགས་མོ་ཕག་ལོ་སྨེ་བ་གཉིས་ནག་ཡོད་དུས། ད་ལོ་ནག་པོ་ཆེན་པོ་ཡོད་ན་ང་དཀར་པོ་ཆེན་པོ་བརྩིག་པ་ཡིན་གསུང་གུང་ཐང་འབུམ་མོ་ཆེ་བརྩིགས་པས་བར་ཆད་ཀྱི་དབང་དུ་སོང་ཞེས་ཀུན་གླེང་བར་བྱེད་པ་ཡིན་ནའང༌། མཐུ་སྟོབས་ཀྱི་དབང་ཕྱུག་ཆེན་པོ་འདི་ནི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་