[A:86]བཏགས། དེ་དུས་སྐྱི་སྟོན་འཇམ་དབྱངས་གྲགས་པ་རྒྱལ་མཚན་སྐྱི་སྟེངས་སུ། བཅུ་པ་ལ་མཁན་ཆེན་བྱང་ཆུབ་སེངྒེ་ལ་ཡང་དག་སོགས་རྙིང་མའི་སྐོར་གསན། བཅུ་གསུམ་པ་ལ་སྐྱི་སྟེངས་སུ་མཁན་པོ་ཚུལ་ཁྲིམས་སྙིང་པོ་དང་། སློབ་དཔོན་ཟེ་ཕུག་པ་ལས་རབ་ཏུ་བྱུང་ནས་མཚན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོར་བཏགས། དེ་དུས་སྐྱི་སྟོན་འཇམ་དབྱངས་གྲགས་པ་རྒྱལ་མཚན་གྱིས་སྐྱི་སྟེངས་སུ་བྱོན་པ་ལ། རྡོ་རྗེ་ཕྲེང་བའི་གར་ཐིག་བསླབས་པས་ཚེགས་མེད་པར་མཁྱེན་པས་མཁས་པ་ཆེན་པོ་གཅིག་འོང་བར་འདུག་གསུངས་ནས་ཤིན་ཏུ་དགྱེས། སྐྱི་སྟོན་པ་ཡ་ཚེ་རྒྱལ་པོའི་བླ་མ་ལ་བྱོན་ནས། སླར་གློ་བོར་ཕེབས་པ་གསན་པས། བཅོ་བརྒྱད་པ་ལ་རང་གཅིག་བུར་དར་ཡུག་འགའ་ཞིག་དང་། ཟངས་ཚེ་གཅིག་བསྣམས་ནས་གློ་བོར་བྱོན། སྐྱི་སྟོན་པ་ལ་ཚད་མ་བསྡུས་པ་གསན། སྐྱི་སྟོན་པ་ས་སྐྱར་ཐེགས་རྗེས་ཤེར་བཟང་བ་དང་། གཞོན་བཟང་པ་བསྟེན་ནས་ལོ་གཉིས་སུ་རྣམ་ངེས་ལ་སྦྱངས། དེ་ནས་ས་སྐྱར་བྱོན་ཏེ་སྐྱི་སྟོན་པའི་དྲུང་དུ་ཕར་ཚད་མངོན་གསུམ། སྤྱོད་འཇུག །རྡོ་རྗེ་ཕྲེང་བ་རྣམས་ཀྱི་སློབ་གཉེར་དུས་གཅིག་ལ་མཛད། སྐྱི་སྟོན་ཤཱཀ་འབུམ། བདག་ཉིད་ཆེན་པོ་བཟང་པོ་དཔལ། ཏི་ཤྲི་ཀུན་བློ། ནམ་ལེགས་པ། ཤར་པ་སེངྒེ་དཔལ་རྣམས་ལ་ཕར་ཚད་མངོན་སུམ་རྣམ་འགྲེལ་རིགས་གཏེར་བརྟག་གཉིས་རྣམས་གསན། ཁྱད་པར་དུ་ཀུན་སྤངས་གྲགས་རྒྱལ་བ་ལ་དུས་འཁོར་གྱི་དབང་སྒྲུབ་སྐོར་གསན། ཉེར་གསུམ་པ་ལ་ས་སྐྱར་ཕར་ཚད་མངོན་སུམ་གྱི་བཤད་སྟོན་མཛད། དཔྱིད་ཆོས་ཟླ་བ་གཉིས་ལ་ཚོགས་ཆེན་མོའི་ཤར་སྒོའི་སྟེང་ནས་སྔ་དྲོ་ཕར་མངོན་གཉིས། ཕྱི་དྲོ་རྣམ་ངེས་བསྡུས་པ་གཉིས་གསུངས། གཙང་གི་ཆོས་གྲྭ་ཕལ་མོ་ཆེར་གྲ་བསྐོར་ཡང་མཛད། ཉེར་བཞི་པ་ལ་ཚོང་འདུས་མགུར་མོར་ཆོས་ལུང་མཁན་ཆེན་བསོད་གྲགས་པས་མཁན་པོ། མཆོག་སྦྱིན་དཔལ་གྱིས་ལས་སློབ། མཁན་ཆེན་བསོད་བཟང་པས་གསང་སྟོན་མཛད་ནས་ཇོ་གདན་ཚོགས་པའི་དབུས་སུ་བསྙེན་པར་རྫོགས། མཁན་པོ་ལ་མདོ་རྩ་དང་།