R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 85
[A:85]གསན། དུས་འཁོར་བ་ཡེ་ཤེས་རིན་ཆེན་རྒྱ་ཡུལ་ལ་འབྱོན་པའི་ཕྱག་ཕྱིར་བྱོན་ཏེ། ལོ་ངོ་བཞི་ལ་ས་སྐྱར་ཕེབས། བཞི་ཐོག་པ་ལ་དུས་འཁོར་རྒྱུད་འགྲེལ་དང་བཅས་པ་དང་། རྟག་གཉིས་ཕྲན་དང་བཅས་པ་གསན། གྲུབ་པ་དཔལ་བཟང་པོ་ལས་ཀྱང་ཕྱག་ལེན་རྣམས་བསླབས། དེ་ནས་སུམ་ཅུ་པ་ལ་ཇོ་མོ་ནང་དུ་ཀུན་སྤངས་ཆེན་པོའི་ཞབས་ལ་བཏུགས་ཏེ། སྦྱོར་དྲུག་གི་ཆོས་ཚན་བརྒྱ་ལྷག་པ་གསན། རྒྱུད་འགྲེལ་སོགས་ཀུན་སྤངས་པ་དང་། བྱང་སེམས་པ་ལ་མངའ་བའི་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་མཁྱེན། མང་དུ་གསན་པས་ཡོན་ཏན་རྒྱ་མཚོར་བཏགས། སོ་བདུན་པ་ལ་བླ་བྲང་བཞི་ཐོག་ཏུ་འཇམ་དབྱངས་ཆེན་པོས་མཁན་པོ། ཞང་ཀུན་སྤངས་ཆེན་པོས་ལས་སློབ། ཤར་པ་ཡེ་ཤེས་རྒྱལ་མཚན་པས་གསང་སྟེ་སྟོན་པ་མཛད་ནས་བསྙེན་པར་རྫོགས། རེ་གཅིག་པ་ལ་ཇོ་མོ་ནང་གི་གདན་ས་མཛད་དེ། སྡེ་སྣོད་འཛིན་པའི་ཚོགས་ཆེན་པོ་ལ། དུས་ཀྱི་འཁོར་ལོའི་དབང་རྒྱུད་འགྲེལ་མན་ངག་གནང་བ་སོགས་ཕྲིན་ལས་རྒྱ་ཆེན་བསྐྱངས། མངོན་པར་ཤེས་པ་སོགས་མངོན་པར་རྟོགས་པའི་ཡོན་ཏན་མང་པོ་མངའ། རེ་བདུན་པ་ལ་ཀུན་མཁྱེན་ཆེན་པོ་གདན་སར་བསྐོས་ཏེ། སྤྱིར་ལོ་སུམ་ཅུ་རྩ་བརྒྱད་ཀྱི་བར་དུ་ཇོ་མོ་ནང་ཉིད་དུ་བཞུགས་ནས། རེ་བརྒྱད་པ་མེ་མོ་ཡོས་ཐ་སྐར་ཟླ་བའི་ཚེས་བརྒྱད་ལ་མཉེལ་བ་མེད་པར་ས་གཡོ་བ་དང་། མེ་ཏོག་གི་ཆར་འབབ་པ་སོགས་ངོ་མཚར་བའི་ལྟས་དང་བཅས་ཏེ་བདེ་བར་གཤེགས། གདུང་ཞུགས་ལ་བཞེན་དུས་འོད་ཀྱི་གོང་བུ་རྫ་མ་ཙམ་མང་པོ་ཐོན་ཏེ་ནམ་མཁའ་ལ་འགྲོ་བ་བྱུང་། རིང་བསྲེལ་རྣམས་སྐུ་འདྲ་དང་། ཕྱི་རྟེན་རྣམས་རྣམ་རྒྱལ་མཆོད་རྟེན་ན་བཞུགས་སོ། །དེའི་སྲས་ཀྱི་མཐུ་བོ་ཀུན་མཁྱེན་ཆེན་པོ་ནི། དོལ་པོ་བན་ཚང་དུ་ཡབ་ནམ་སྟོན་ཡེ་ཤེས་དབང་ཕྱུག །ཡུམ་ཇོ་ལྕམ་ཚུལ་ཁྲིམས་རྒྱན་གྱི་སྲས་སུ་ཆུ་ཕོ་འབྲུག་ལ་འཁྲུངས། གདུང་རུས་རྣམས་བླ་མ་སྐྱི་སྟོན་པ་ལ་འཇམ་དཔལ་དབང་མོ་ཆེ་ཞུས། མཚན་ཤེས་རབ་མགོན་དུ་