R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 90
[A:90]དུས་འཁོར་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་ཟླ་མེད་པ་བསྐོར། དགའ་ལྡན་ལྷ་ཁང་དུ་དབུ་མ་བསྟོད་ཚོགས་གསུང་དུས་མེ་ཏོག་གི་ཆར་ཆེན་པོ་བབས། རིན་ཆེན་སྡིངས་དང་ལྷ་རྩེར་སྐུ་མཚམས་དམ་པོ་མཛད། ཇོ་མོ་ནང་དུ་དུས་འཁོར་གྱི་དར་དཀྱིལ་ཆེན་མོ་འཁྲལ་སངས་གྲུབ། རྟ་ལོ་ལ་ལོ་ཙྪབ་སྐུ་གཤེགས་ཆོས་རྗེ་ཕྱོགས་རྒྱལ་བ་གདན་སར་བསྐོས། གཙང་ཚོ་གསུམ་པོར་ལོ་གསུམ་དུ་ཆོག་པས་ལོ་ཐོག་བཅོམ་པ་ལ་བཀའ་ཤོག་བསྒྲགས་པ་ཙམ་གྱིས་གནོད་པ་ཞི། སྣར་ཐང་དུ་དགེ་འདུན་གྱི་ཚོགས་ཆེན་པོ་ལ་རྒྱུད་འགྲེལ་དང་། རྒྱས་འབྲིས་བསྡུས་སོགས་ཆོས་མང་དུ་གསུངས། བདུན་ཅུ་པ་ལ་ནུབས་ཆོས་ལུང་དུ་ཕེབས་ཏེ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་མཇལ། བཀའ་བསྡུ་བཞི་པ་རྩ་འགྲེལ་གནང་། དཔལ་ལྡན་བླ་མར་ཇོ་མོ་ནང་དུ་གདན་ས་བ་གཅིག་བསྐོ་བར་ཞུས་པས། དཀོན་མཆོག་རྒྱལ་མཚན་པ་བསྐོས། རྭ་ལོའི་དབོན་པོ་ཀུན་དགའ་འཕེལ་སོགས་ལ་དབང་ཁྲིད་གནང་། དུ་དབོན་བྲི་དྷརྨ་ཀིརྟིས་གོང་མའི་ལུང་དང་གནང་སྦྱིན་བཟང་པོ་ཕུལ། དེ་ནས་ཁུ་ལུང་མདའི་གནས། བདེ་གནས། ངུར་སྨིག །བྱེ་མ། རྩ་དབྱེ། ཚ་མིག །དགེ་འདུན་སྒང་། གཞུཀུན་ར། གནམ་ཁྲ་ཚང་། དབུ་རི། གནམ་རྩེ་ལྡིང་། སྟོད་ལུང་རྣམ་རྒྱལ། དལ་གདིངས། དབེན་ཚ་སྟག་རྣམས་ལ་རིམ་གྱིས་རྒྱུད་དེ་ལྷ་སར་ཕེབས། གནས་སོ་སོར་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་བསུ་བ་དང་བསྙེན་བཀུར་མཐོན་པོ་མཛད་པ་ལ། དུས་འཁོར་གྱི་དབང་རྒྱུད་མན་ངག་དང་བཅས་པ་གནང་། སྐྱེ་བོའི་ཚོགས་སྟོང་ཕྲག་མང་པོ་སེམས་བསྐྱེད་སོགས་ཐེག་པ་ཆེན་པོའི་ཆོས་ཀྱིས་ཚིམ་པར་མཛད། ལྷ་སར་ཟླ་བ་བདུན་གྱི་བར་དུ་བཞུགས་ཏེ། ཇོ་བོའི་དྲུང་དུ་མཆོད་པའི་སྤྲིན་རྒྱ་མཚོས་མཆོད་ནས་བསྟན་པ་དང་སེམས་ཅན་ཁོ་ནའི་ཕྱེད་དུ་སྨོན་ལམ་འདེབས་ཤིང་། དབུས་ཀྱི་མཁས་པ་ཕལ་མོ་ཆེ་འདུས་པ་ལ། དུས་ཀྱི་འཁོར་ལོའི་དབང་རྒྱུད་འགྲེལ་མན་ངག། ངེས་དོན་གྱི་མདོ་བསྟན་བཅོས་མང་པོ་གནང་། བསྐོར་ལམ་རྣམས་ཀྱང་ཁྲིད་པའི་ཉམས་གར་