R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 93
[A:93]བ། ཞང་སྟོན་རྒྱ་བོ་བསོད་ནམས་གྲགས་པ། གཡག་སྡེ་པཎ་ཆེན། ལ་དོང་སྨན་ཆུ་ཁ་པ་བློ་གྲོས་རྒྱལ་མཚན། ལོ་ཆེན་བྱང་རྩེ། སེ་སྡིངས་པ་བློ་གྲོས་དཔལ། བསྟན་པའི་རྒྱལ་མཚན། ཆོས་གྲགས་གསར་མ། ཉ་དབོན་ཀུན་དགའ། བླ་བྲང་པ་བཟང་པོ་དཔལ། ཐང་ཆེན་པ་ཀུན་དགའ་འབུམ། ས་སྐྱ་མཁན་པོ་ནམ་ཡེ་བ། ཤངས་པ་རྡོ་རྗེ། གནས་དྲུག་པ་བློ་གྲོས་མཚུངས་མེད། འཇམ་སྔོན། འཇམ་སྒེག །མཁས་པ་རིན་ཆེན་མཆོག །མཁས་པ་ངག་དབང་། སྣར་ཐར་པ་མཆིམས་བློ་བཟང་གྲགས་པ། ཆོས་ལུང་མཁན་པོ་བསོད་ནམས་བཟང་པོ་དང་། གྲགས་པ་རྒྱལ་མཚན། བྱང་ཆུབ་སེམས་དཔའ་དགེ་བའི་བློ་གྲོས། རི་སྟོན་བློ་ཆེན་འོད། མཁན་ཆེན་དོན་གྲུབ་དཔལ་དང་ཡོན་ཏན་རྒྱལ་མཚན། ཆོས་ལུང་མཁན་ཆེན། གྲགས་ཚུལ་བ་དང་གྲགས་པ་དཔལ། མཁན་ཆེན་བྱང་ཆུབ་འོད་ཟེར། ནུབས་གནས་གསར་བ་སེངྒེ་དཔལ། ལོངས་གཞོན་ནུ་སངས་རྒྱས། སྙེ་ཐང་པ་བཀྲ་ཤིས་སེངྒེ། གྲ་དགོན་པ་ཀུན་དགའ་རྒྱལ་མཚན། ཆོས་འཁོར་གླིང་པ་བྱམས་པ་བ། བདེ་བ་ཅན་པ་འཇམ་རིན། ཚ་མིག་པ་ཡོན་ཏན་སེངྒེ། གསང་ཕུ་བ་བློ་གྲོས་སེངྒེ། ཚལ་པ་སངས་རྒྱས་རྒྱལ་མཚན། ཁྲོ་ཕུ་བ་ནམ་མཁའ་བཟང་པོ། ཨེ་པ་ནམ་མཁའ་གྲགས། མྱང་སྟོད་སྒོ་མོ་བ་སངས་རྒྱས་གྲགས། ངམ་རིངས་པ་བརྩོན་རྒྱལ། སྤང་འདབ་རིན་པོ་ཆེ། རི་ཁྲོད་པ་དབང་རིན། མཛོད་མ་སྟོད་རིན། དུས་འཁོར་བ་དགེ་འདུན་དཔལ། བླ་མ་རྩེ་མོ་བ། བ་དེ་ལུང་པ། མཁན་པོ་ལྷ་བཙུན། སློབ་དཔོན་དར་དབང་། གསང་ཕུ་བ་གྲགས་བཟང་། སློབ་དཔོན་བསོད་ནམས་དཔལ། སོ་སྟོད་པ་རྡོར་རྒྱལ། རྟ་ནག་པ་ཉེ་རྒྱལ། བླ་མ་རྒྱལ་འབྱུང་། སྙེ་ཐང་པ་རྡོར་རྒྱལ། ཤེས་རྡོར་བ། མཁན་ཆེན་བཀྲས་ཚུལ་བ། བྲག་རམ་པ་བསོད་ནམས་སེངྒེ། ནགས་ཕུག་པ་དཔལ་རྒྱལ། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་སོགས་དུས་ཀྱི་འཁོར་ལོ་ལ་མཁས་ཤིང་ཡོངས་སུ་སློབ་མ་མང་དུ་བྱུང་ལ། ཏི་ཤི་ཀུན་དགའ་རྒྱལ་མཚན། བློ་གྲོས་རྒྱལ་མཚན། བཞི་ཐོག་པ་ལ་སོགས་ས་སྐྱའི་གདུང་བརྒྱུད་