[A:༥བ]དུ་ཕེབས། མངའ་བདག་དབང་སྡེའི་བཀའ་དྲིན་བསོབ་པའི་ཕྱིར་དུ་ཆོས་མང་དུ་བསྒྱུར་བ་ནི།
དམ་ཆོས་བསྒྱུར་ལ་མངའ་བརྙེས་སྙེས་པས། ། རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང་། །
འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། ། སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། །
ཅེས་པ་སྟེ། འདིར་
[4.2.3.1?]
མཚན་ཉིད་དང་།[4.2.3.2]
ལུང་ཆོས།[4.2.3.3]
གསང་སྔགས་ཀྱི་སྐོར་བསྐོར་དང་གསུམ་ལས།
[4.2.3.1]
དང་པོ་ནི།
རྣམ་འགྲེལ་རྣམ་ངེས་རིག་ཐིགས་ཐིག་ཆོས་ཆོོག་གཉིས། ། ཚད་རྟག་གསུམ་དང་གྲུབ་པ་བཞི་དང་རྒྱན། །
ཡ་མ་རི་སོགས་བདུན་ཁྲི་ཉིས་སྟོང་ལྷག ། ཕལ་ཆེར་གཞི་བསྒྱུར་ཅུང་ཟད་ཞུ་ཆེན་མཛད། ། ཅེས་པ་ལྟར་རོ།
[4.2.3.2]
གཉིས་པ་ནི།
རྒྱལ་ཡུམ་གཉིས་དང་རྒྱན་བརྒྱན་དང་ཉི་ཁྲི་སྣང་། ། རྒྱན་སྣང་དོན་གསལ་རིག་སྦྱིན་ཤེར་འབྱུང་བློ། །
དག་ལྡན་མན་ངག་དོན་བསྡུས་རྩ་འགྲེལ་གཉིས། ། གཙུག་ལག་ཕྱི་མ་མངོན་བཏུས་བསྡུས་བསླབ་བཏུས་སླབ་བསྡུས་དང་། ། སྤྱོད་འཇུག་དཱ་ན་ཤྲཱི་དང་བཟང་སྤྱོད་འགྲེལ། །
རིགས་ཐིགས་ཐིག་པ་ཡཻད་/ཡེ་ཤེས་? དམ་བླང་བ་སོགས། ། ལྔ་ཁྲི་དྲུག་སྟོང་བཞི་བརྒྱ་ལྷག་བཅས་པ། །
ལ་ལ་གཞི་བསྒྱུར་ལ་ལ་ཞུ་ཆེན་མཛད། ། ཅེས་པ་ལྟར་རོ།
[4.2.3.3]
གསུམ་པ་ནི།་
རིམ་ལྔ་རྩ་འགྲེལ་སྒྲུབས་བསྒྲུབ་ཐབས་མདོར་བྱས་འགྲེལ། །ཕྱག་རྒྱ་བཞི་པ་ཀུན་སྤྱོད་ལོ་ཨི་པའི། །
སྒྲུབས་བསྒྲུབ་ལ་སོགས་བདེ་དགྱེེས་དུར་ཁྲོད་གྱི། ། བརྒྱུད་གདམས་བརྒྱད་སྟོང་ལྷག་བཅས་གཞི་ནས་བསྒྱུར། །
ཅེས་པ་ལྟར་ཤེས་པར་བྱའོ།
དེ་ནས་རིམ་གྱིས་གསང་ཕུར་ཕེབས་ཏེ་དེ་ལ་སོགས་པའི་ཆོས་སྡེ་རྣམས་སུ། རྒྱ་ཧོར་དང་། ལྷོ་བལ་དང་། གཙོང་གང་དང་མི་ཉག་དང་། དབུས་གཙང་