R104: དཔལ་ལྡན་གསང་ཕུའི་གདན་རབས་གསལ་བའི་མེ་ལོང་།

  • Pagination (Witness A): ༦ན
[A:༦ན]གི་ཕྱོགས་མཐའ་དག་ནས་འདུས་པ་རྣམས་ལ་ལོ་བཅུ་བདུན་གྱི་བར་དུ་ཚངས་པའི་དབྱངས་ཀྱིས་ཆོས་ཀྱི་འཁོར་ལོ་རྒྱ་བརྒྱ་ཆེན་པོ་བསྐོར་བའི་གནས་དང་འཁོར་གྱི་གྲངས་རགས་པ་ཙམ་གྱི་གྲངས་ནི། ལྷ་ས་བསམ་ཡས་སྒང་ཐོག་དང་། ། ལྷ་ཡངས་ དང་ལྷམ་་མྱུ་ཆུ་སྣར། ། འཁོར་གྱི་གྲངས་ནི་རིམ་པ་བཞིན། ། ཁྲི་དང་སུམ་གསུམ་སྟོང་བདུན་བརྒྱ་དང་། ། གཉིས་སུ་སྟོང་མཚོ་བཅུ་གསུམ་ཚོགས། ། ཁྲི་ཚོ་གཉིས་དང་ཁྲི་ཚོ་གཅིག ། རྣལ་འབྱོར་ཕོ་མོ་ཁྲི་ཚོ་གཉིས། ། ཚོགས་ པོ་ལུང་རིགས་སྨྲ་བ་ཡིས། ། ཞར་ཆོས་སྟོང་དང་བརྒྱད་བརྒྱ་དང་། ། བརྒྱད་བཅུ་རྩ་ལྔ་ཡོད་པ་ལ། ། རྒྱན་དང་ཆོས་མཆོག་ལྔ་བཅུ་ལྔ། ། རྣམ་ངེས་ཉིས་བརྒྱ་ལྔ་བཅུ་ལྔ། ། ལུང་ཆོས་སྨྲ་བ་སྟོང་དང་ནི། ། ལྔ་བརྒྱ་བདུན་བཅུ་རྩ་ལྔ་ཡོད། ། ཅེས་པ་ལྟར་ཡིན་ལ། དེ་རྣམས་ལས་གཙོ་བོར་གྱུར་པའི་སྲས་ཀྱི་ཐུ་བོ་ནི། ཞང་ཚེ་སྤོང་པ་ཆོས་ཀྱི་བླ་མ་དང་། ཁྱུང་རིན་ཆེན་གྲགས། བྲེ་ཆེན་པོ་ཤེས་རབ་འབར་གྲོ་ལུང་པ་བློ་གྲོས་འབྱུང་གནས། རང་ལས་རྒན་པ་བདུན་ནི། གངས་པ་ཤིའུ ། གོང་བུ་ར་ཅན། ཤམ་བུ་མོ ་དིག མོ་ ལྷང་ཚེར། དམར་དགའ་བྱང ་། རྔོག་སྐྱ་བོ། ཏྲེ་བོ་མཆོག་གི་བླ་མའོ། དེ་དག་གིས་གནས་སྐབས་སུ་བརྩོམ་པ་མཛད་པའི་རྣམ་གྲངས་ནི། བྱམས་ཆོས་ལྔ་དང་རྩ་བ་ཤེས་རབ་དང་། ། ཤེས་རབ་སྒྲོན་མེ་བདེན་གཉིས་དབུ་མ་རྒྱན། ། སྤྱོད་འཇུག་བསླབ་བཏུས་སླབ་བསྡུས་རྣམ་ངེས་ཆོས་ཆོག་ལ། ། བསྡུས་དོན་ཊིཀར་བཅས་པ་རེ་རེ་མཛད། ། བདེན་ཆུང་མན་ངག་དབུ་མ་སྣང་བ་དང་། ། རྒྱན་དང་འཐད་ལྡན་ལ་སོགས་ཚད་མ་ཡི་ཡིས། ། བསྟན་བཅོས་བརྒྱད་ལ་བསྡུས་དོན་རེ་རེ་མཛད། ། ཅེས་པ་ལྟར་རོ། གཞན་ཡང་དམ་པའི་ཆོས་