[A:༥ན]མང་འོར་བྱང་ཆུབ་ཤེས་རབ་ལ་ སོགས་པ་དང་། ལྷན་གཅིག་ཏུ་འབྱོར། མངའ་བདག་གི་སྲས་དབང་ཕྱུག་སྡེས་རྔོག་གི་ སྦྱིན་བདག་མཛད། གསེར་ལ་སོགས་པའི་ཡོ་བྱད་མང་དུ་བསྐུར་ཏེ་ཁ་ཆེར་བྱོན། པཎྜི་ཏ་གཞན་ཕན་བཟང་པོ་དང་། སྐལ་ལྡན་རྒྱལ་པོ་དང་། བྲམ་ཟེ་སད་ཛ་ན་དང་། སུ་མ་ཏི་ཀིརྟི་ལ་སོགས་པ་ལ་ཚད་མ་སྡེ་བདུན་མདོ་དང་བཅས་པ་དང་། རྒྱན་ཆོས་མཆོག་ལ་སོགས་པ་དཀའ་བ་ཆེན་པོས་ལེགས་པར་གསན་བསན་ཞིང་། ཚིག་དོན་གཉིས་ཀའི་ཆ་ཤིན་ཏུ་ཕྲ་མ་ཡང་བློ་གྲོས་ཀྱིས་སྣང་བ་ཕུལ་དུ་བྱུང་བ་མཉེས་པས་ཆོས་ཀྱི་སྤྱན་དང་ལྡན་པར་གྱུར་ཏོ། གཞན་ཡང་ལྷོ་ལམ་དུ་བགྲོད་དཀའ་བ་རྣམས་སུ་རྒྱལ་བའི་ཡུམ་ལ་སོགས་པ་བརྩོན་པ་ཆེན་པོས་བཙལ་བརྩལ་ཀྱང་རྙེད་དཀའ་བཀའ་བར་བྱུང་བ་ལས་ཕྱིས་སྐུ་སྲོག་དང་བདོས་ཏེ་ཡ་ང་བའི་ལམ་ནས་སྤྲད་པའི་ཆ་ལུགས་ཀྱིས་བྱོན་པ་ཉམ་ང་བ་ལས་ཐར་ཏེ། རྒྱ་གར་ཤར་ཕྱོགས་ཀྱི་མཁས་པ་ཆེན་པོ་དཔལ་གོ་མི་འཆི་མེད་དང་། གཞུང་འབུམ་ཕྲག་གསུམ་གྱིས་མགྲིན་པ་བརྒྱན་པ་བསྟན་སྐྱོང་གཉིས་པ་ལ་སོགས་པ་གུས་པས་བསྟེན་ཅིང་ལེགས་པར་བཤད་པ་མཐའ་དག་ཀྱང་ནོད། གཞུང་རྣམས་ལ་ཞུ་ཆེན་མཛད། མདོར་ན་ལོ་བཅུ་བདུན་གྱི་བར་དུ་རྒྱ་གར་ཤར་ནུབ། ཡུལ་དབུས་ལ་སོགས་པར་རིག་པའི་གནས་མཐའ་དག་ལ་ལེགས་པར་སྦྱངས་ཤིང་། ཚིག་དོན་གཉིས་ཀ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་དོ།
[4.2.3?]
? རང་ལོ་གསུམ་བཅུ་རྩ་ལྔ་པ་ཆུ་མོ་བྱ་ལ་ བོད་