R104: དཔལ་ལྡན་གསང་ཕུའི་གདན་རབས་གསལ་བའི་མེ་ལོང་།

  • Pagination (Witness A): ༦བ
[A:༦བ]ལ་ཤིན་ཏུ་གུས་པས་རྒྱལ་བའི་ཡུམ་དང་དེའི་དགོངས་འགྲེལ་སོགས་བཀའ་བསྟན་བཅོས་ཆོས་རྣམས་གླེགས་བམ་ལ་ཡི་གེར་རབ་ཏུ་གསལ་བ་བྲིས་ཏེ་བཞུགས་པ་དང་། སྤྱན་རས་ཀྱི་ཡུལ་དུ་འགྱུར་པའི་གཞུང་མཐའ་དག་ལ་ཡང་ཆད་ལྷག་ནོར་པ་དང་ཐ་ན་ཤད་དང་ཚེག་ལ་སོགས་པ་རྣམས་ཀྱང་ལེགས་པར་བཅོས་ཏེ་ཤིན་ཏུ་དག་པར་མཛད། དད་པ་དང་ཤེས་རབ་དང་ལྡན་པ་སོགས་ཐེག་པ་གསུམ་གྱི་སྣོད་དུ་འགྱུར་པ་རྣམས་ལ་བློ་དང་འཚམ་པར་གང་ལ་ཅིས་འདུལ་གྱི་ཆོས་ཀྱི་རྣམས་གྲངས་མཐའ་ཡས་པ་སྟོན་བསྟོན་པ་དང་། སྔོན་བསོད་ནམས་ལེགས་པར་བསགས་པས་རིན་པོ་ཆེ་ལ་སོགས་པའི་ལོངས་སྤྱོད་མཐའ་དག་ཕྱོགས་མེད་ནས་འདུ་ཞིང་། དེ་དག་ཀྱང་སྙིང་པོ་མེད་པའི་ནོར་གྱིས་སྙིང་པོ་ལེན་པ་མ་གཏོགས་རྩ་རྩེ་བརྩེ་ཙམ་དུ་འང་མིེ་གཟིགས་ལ་ཕྱོགས་བཞིའི་དགེ་འདུན་དང་སློངས་མོ་བ་ལ་འཚོ་བ་མཐའ་དག་སྦྱིན་པ་དང་། དུས་ངན་པའི་འཁྲུག་ལོང་དང་། ཕན་ཚུན་ཁ་འགྱོད་པ་སོགས་ཀྱང་ཐབས་སྣ་ཚོགས་ཀྱིས་སྒོ་ནས་སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་པའི་ཆོས་དང་མཐུན་པས་ཞི་བར་མཛད་དོ། དེ་ལྟར་ཕྲིན་ལས་ཚད་མེད་པས་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་མངོན་མཐོ་དང་ངེས་ལེགས་ལ་བཀོད། སྐལ་བ་དང་མི་ལྡན་པ་རྣམས་རེ་ཞིག་མི་འདུལ་བར་དགོངས་ནས་རང་ལོ་ལྔ་བཅུ་རྩ་གཅིག་ཅིག་པ་འགལ་བ་ཞེས་བྱ་བ་ས་མོ་གླང་གི་ལོ་
[1109]
ལ་བསམ་ཡས་མ་རིའི་རྩར་སྲས་ཀྱི་ཐུ་བོ་ཞང་དང་གྲོ་ལུང་བ་གཉིས་ལ། འདི་ལ་འཛོམས་ནས་རྒྱ་མཚོའི་ཕ་རོལ་ཏུ་འགྲོའོ་སྙམ་ནས་རྒྱ་མཚོར་འཇུག་པ་གང་ཡིན་པ། ། ལྦུ་བ་རྡོས་/བདོས་? འདྲ་རབ་ཏུ་འཇིག་པའི་ལུས་