R104: དཔལ་ལྡན་གསང་ཕུའི་གདན་རབས་གསལ་བའི་མེ་ལོང་།

  • Pagination (Witness A): ༧ན
[A:༧ན]འདི་ནི། ། རི་མཆོག་འདྲ་བའི་རང་བཞིན་འདིས་ནི་བརྟན་ནས་བསླུས། ། ཁྱེད་ཀྱང་སྡེ་སྣོད་ཆོས་ལ་སྦྱོངས་ཤིག་རིག་པ་ཡི། ། ཆོས་ཉིད་མཐོང་བས་/པ་? ཚད་མས་ངེས་ཤེས་སྐྱེ་བར་འགྱུར། ། ཞེས་མི་རྟག་པའི་ལུས་ལ་ཐུགས་/ཤུགས་? ཆད་པའི་བཀའ་བསྩལ་/རྩལ་? ཏེ། དགའ་ལྡན་དུ་གཤེགས་སོ། དེ་ནས་སྤུར་རྟ་ལ་གདན་དྲངས་གྲངས་པས་ས་གཡོས། ནམ་མཁའ་ནས་འཇའ་འོད་དང་འཇའ་ཚོན་དང་སྒྲ་དང་ས་གཞི་ཐམས་ཅད་མཆོད་རྫས་སྫས་ཀྱི་ཁེངས་གསང་ལའི་རྩེར་ཞག་གཅིག་བཞུགས་པའི་བྲག་ལ་རྣམ་རྣམས་རྒྱལ་མཆོད་རྟེན་རང་བྱོན་དུ་གསལ་བར་བྱོན་པ་ད་ལྟ་མངོན་སུམ་གསུམ་གྱིས་གྲུབ་བོ། དེ་ནས་ཐོག་ཁར་གདན་དྲངས། གསང་མདར་སྤུར་སྦྱངས་པས་ཤཀྱ་ཐུབ་པ་དང་། འཇམ་དཔལ་ཨ་ར་ཙ་ཎ་དང་། མཆོད་རྟེན་རྩེ་ལྔ་པ་དང་། དུང་གཡས་སུ་འཁྱིལ་བ་?བཅུ་?བཅུ་ཐམ་པ་? ལ་སོགས་པ་བྱོན་ཞིང་སྐུ་གདུང་རྣམས་གྲོ་ལུང་པས་མཆོད་པ་བཟང་པོ་དང་བཅས་བསྡུས་ཤག་མང་པོར་མཆོད། སྲས་དམ་པ་རྣམས་ཀྱིས་ཆ་དགུར་བགོས་པ་ཕྱོགས་ཐམས་ཅད་དུ་སྤེལ་ནས། ཐམས་ཅད་ཀྱིས་རིན་པོ་ཆེའི་མཆོད་རྟེན་ལ་སོགས་པར་བཞུགས་སུ་གསོལ་ཏེ་མཆོད་གནས་ནས་ཐམས་ཅད་ཀྱིས་གཅེས་ཅེས་སྤྲད་སྤྲས་སུ་བྱས་སོ།
[4.3]
གསུམ་པ་ལ་དེའི་འཕྲིན་ལས་བསམ་པའི་ཡུལ་ལས་འདས་པ་ལ།་
[4.3.1]
སྲས་ཀྱི་མཛད་པ་ནམ་མཁའི་མཐའ་དང་མཉམ།་
[4.3.2]
བརྒྱུད་འཛིན་མཛད་པ་སྲིད་མཐར་རྒྱུན་མི་ཆད་པའོ།
[4.3.1]
དང་པོ་ནི།་འབྲེ་ཆེན་པོས་གཙང་གི་གནས་རྙིང་དང་གཞན་རྣམས་སུ་ཡང་ཤེར་ཕྱིན་གྱི་མདོ་དང་བསྟན་བཅོས་གཉིས་ཀ་ལ་བཤད་པ་མཛད་ཅིང་། ཆོས་བཤད་པའི་དུས་སུ་ལྷ་རྣམས་ཀྱང་ཉན་དུ་འོང་བ་ལ་སོགས་པའི་ངོ་མཚར་བ་བསམ་གྱི་མི་ཁྱབ་