[A:༧བ]ལ། དེའི་སློབ་མ་བ་ཤིན་ཏུ་མང་ན་འང་གཙོ་བོ་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་གནམ་རྩེ་ལྡང་བཏབ། དེ་ལ་སོགས་པར་སྐུ་ཤིན་ཏུ་བགྲེས་བསྒྲེས་པར་གྱུར་ཚུན་ཆད་དུ་བཤད་པ་མཛད། སྐབས་ཤིག་ཏུ་རྒྱལ་ལྷ་ཁགི་གིས་གདན་ས་ཡང་མཛད་ནས་ མདོ་བསྟན་བཅོས་ཀྱི་རྣམ་བཤད་མང་དུ་མཛད་དོ།
ཡང་བྲེའི་སློབ་མ་བྱ་འདུལ་བ་ཆེན་པོས་ཟུལ་ཕུ་བཏབ་ཏེ་འདུལ་མངོན་གྱི་བཤད་གྲྭ་བཙུགས་བརྩུགས་སོ། འདུལ་བ་མདོ་རྩ་སོགས་ཀྱི་ཊིཀྐ་ཡང་མཛད་དོ། འབྲེ་ཨར་གཉིས་ཆར་གྱི་སློབ་མ་ཁུ་ཤེར་བརྩོན་གྱིས་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པ་ལ་ཊིཀྐ་ཆེ་འབྲིང་ཆུང་གསུམ་བརྩིས་ཤིང་། ཨར་གྱི་སློབ་མ་དཀར་ཆུང་རིང་མོར་གྲགས་པ་གཞོན་གཞུ་ནུ་ཚུལ་ཁྲིམས་ཀྱིས་ཀྱང་རྒྱན་འགྲེལ་པ་དང་བཅས་པ་དང་མདོ་བསྡུས་པ་སོགས་ཀྱི་ཊིཀྐ་མཛད་ལ། ཁུ་དང་དཀར་ཆུང་པ་གཉིས་ཀྱིི་སློབ་མ་ཞང་ ཨེ་པ་སྨོན་ལམ་ཚུལ་ཁྲིམས་ཀྱིས་གྱི་སྙེ་ཐང་ལ་སོགས་པར་བཤད་པ་མཛད་པས་གཞན་ཕན་ལྷག་པར་ཆེའོ། ཁྱུང་གིས་ལྷ་ས་ཉང་རོ་ལ་སོགས་པར་དཔལ་ཆེན་རྒ་ལོ། ས་སྐྱ་པ་ཆེན་པོ་ལ་སོགས་པ་གདུལ་བྱ་དཔག་ཏུ་མེད་པ་ལ་བཤད་ཉན་མཛད་ཅིང་།
རྒ་ལོ་ནི་ཁྱུང་ལ་ཚད་མ་དང་། རྔོག་ལོ་ཙཱ་ཚ་བའི་སློབ་མ་དབང་སྟོན་བསྟོན་ལ་དགེ་སློང་གི་སྡོམ་པ་ནོད་དེ་འདུལ་བ་དབུ་ཚད་སོགས་གསན། ཕྱིས་རྒྱ་གར་དུ་བྱོན་རྩ་མི་དང་ཨ་བྷྱ་སོགས་པཎྜི་ཏ་མང་དུ་བསྟེན་། བསིལ་བའི་ཚལ་དུ་བསྒོམས་པས་ཡི་དམ་མང་དུ་གཟིགས་གྲུབ་པ་བརྙེས་བསྙེས། གྲུབ་ཐོབ་མང་པོས་ཞབས་ལ་བཏུགས་སོ། ཁྱུང་གིས་བཤད་པའི་རྒྱུད་འཛིན་པའི་སློབ་མ་ནི། སྟོད་ལུངས་རྒྱ་དམར་