R104: དཔལ་ལྡན་གསང་ཕུའི་གདན་རབས་གསལ་བའི་མེ་ལོང་།

  • Pagination (Witness A): ༨ན
[A:༨ན]བ་བྱང་ཆུབ་གྲགས་པའི་དཔལ་བློས་ཀྱང་ཉང ་རོ་ལ་སོགས་པར་བཤད་པ་མཛད་པས་སློབ་མ་མཁས་པ་ཤིན་ཏུ་མང་སྟེ།?། གྲོ་ལུང་པ་ཆེན་པོ་ནི་གཞོན་ནུའི་དུས་ནས་ལོ་ཆེན་གྱི་དྲུང་དུ་སྡེ་སྣོད་མཐའ་དག་ལ་སྦྱངས། ཁྱད་པར་ གསུང་རབས་རབམཐའ་དག་ལ་གཅེས་སྤྲད་ཅེས་སྤྲས་སུ་མཛད་པས་གསུང་རབས་རབ་འབྱམས་པ་ལོ་ཆེན་ཉིད་དང་མཉམ་པར་གྲགས་ཤིང་། སྔགས་མཚན་ཉིད་གྱི་ཊིཀྐ་ཤིན་ཏུ་མང་བ་དང་། བཀའ་གདམས་ཕྱོགས་ལའང་ལམ་རིམ་དང་བསྟན་རིམ་ཤིན་ཏུ་ཆེ་བར་རེ་མཛད། སྣེ་ཟུར་བའི་སློབ་མ་གུང་པ་ལྷ་རྗེ་ལ་འཛམ་བྷ་ལའི་ རྗེས་སྣང་དང་།སྒྲུབས་བསྒྲུབ་སྐོར་རྣམས་ཞུས་ཏེ་བསྒྲུབ་པས་དངོས་གྲུབ་བསྙེས་པས་ལོངས་སྤྱོད་ཤིན་ཏུ་ཆེ། དམྱལ་དུ་ བྲིན་ལས་ཀྱི་དགོན་པ་བཏབ་ཏེ་བཤད་པ་མཛད་པས་ཟང་ཆེན་པ་དར་མ་བསོད་ནམས་ལ་སོགས་པ་སློབ་མ་བསམ་གྱི་མི་ཁྱབ། ཁྱད་པར་རྗེ་བཙུན་ཆ་པས་ འདིའི་སྐུ་ཚེའི་མཇུག་འཇུག་ཏུ་འབད་པས་གསན་ནས་བསྐུལ་ཏེ་འགྲེལ་ཆུང་གི་ཊིཀྐ་ཆེ་བ་ཞིག་མཛད་ལ་འདི་དག་ནི་འབྲེ་ཨར་གྱི་ལུགས་ལས་ཐ་དད་པ་ཡིན་ཞིང་། འབྲེའི་བཤད་སྲོལ་ནི་བསྟན་པ་སྔ་དར་གྱི་བཤད་བརྒྱུད་ཁམས་སུ་འཕོས་ལས་བྱུང་བ་གྲགས་སོ།
{3}
ཞང་ཚེ་སྤོང་བ་ནི་ལོ་ཙཱ་ཚ་བའི་སྲས་ཀྱི་ཐུ་བོར་གྱུར་ཅིང་མོས་གུས་དང་བྱིན་རླབས་ཀྱི་བཀའ་བབས་ལ་སྐུ་བཙུན་བརྩུན་པའི་ཡོན་ཏན་བསམ་གྱི་མི་ཁྱབ་པས་དངོས་ཀྱི་ཀྱིས་གདན་སར་གྱུར་ཏེ། ལོ་སུམ་ཅུ་གསུམ་བཅུ་སོ་གཉིས་