[A:༨བ]ཀྱི་བར་དུ་མྱང་བྲག་པ་ཆོས་ཀྱི་ཡེ་ཤེས་ལ་སོགས་པ་གདུལ་བྱ་རྣམས་ལ་བཤད་པ་མཛད་པས་ཕྲིན་ལས་ཤིན་ཏུ་ཆེའོ།
[4.3.2?]
གཉིས་པནི། ཞང་གི་རྗེས་སུ་ {4}
དམྱལ་ པ་རི་ལུས་ལོ་གཉིས་ཀྱི་གདན་ས་མཛད། དེའི་རྗེས་སུ་གྲོ་ལུང་པ་ཆེན་པོ་གདན་འདྲེན་བྱས་ཀྱང་མ་བྱོན་པར་{5}
སྟོད་ལུངས་རྣམ་སྤར་བས་ལོ་བརྒྱད་གདན་ས་མཛད། དེའི་རྗེས་སུ་{6}
རིག་པའི་དབང་ཕྱུག་ཆ་པ་ཆེན་པོས་ལོ་བཅོ་བརྒྱད་གདན་ས་མཛད། འདི་ནི་བྱིས་པའི་དུས་ཉིད་ནས་ཀུན་བཏགས་རྟགས་ཀྱི་རྩེད་མོ་རྩེ་ནས། གཞན་དབང་གི་ལྕི་བ་མ་འཐུལ་ན། ཡོངས་གྲུབ་ཀྱི་ཨ་མས་བརྡུང་དུ་འོང་། ཞེས་མཚན་ཉིད་གསུམ་གླུར་ལེན་པ་རྒྱ་བརྒྱ་དམར་བས་གསན་ནས་ཕ་མ་ལ་བླངས་ཞབས་ཕྱིར་ཁྲིད་དབུ་ཚད་ཀྱི་རིག་པ་བྱང་བར་བསླབས། ཞང་ཚེ་སྤོང་བའི་དྲུང་དུ་རབ་ཏུ་བྱུང་མཚན་ཆ་པ་ཆོས་ཀྱི་སེང་གེར་བཏགས། ཞང་དང་དེའི་སློབ་མ་ཆོས་ཀྱི་ཡེ་ཤེས་གཉིས་ལ་ཕ་རོལ་ཏུ་པྱིན་པ་དང་། སྤྱོད་པྱོགས་མཐའ་དག་གསན་མཁས་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ། གདན་ས་མ་མཛད་གོང་དུ་བྱམས་ཆོས་ལྔ་དང་རྩ་ཤེས་རྣམས་ལ་སོགས་པ་བཤད་བསྟན་བཅོས་ཆེན་པོ་རྣམས་ལ་ཊིཀྐ་དང་བསྡུས་དོན་མང་དུ་མཛད། ཁྱད་པར་ཚད་མ་ཡིད་ཀྱི་མུན་སེལ་རྩ་འགྲེལ་གཉིས་མཛད་དེ། ཆ་བསྡུས་སྲོལ་དིང་སང་བར་དུ་དར་བར་འགྱུར།
གངས་གང་ཅན་གྱི་སྡེ་སྣོད་འཛིན་པ་དེ་དུས་ཀྱི་ཕལ་བལ་མོ་ཆེ་སློབ་མར་འདུས་པ་ལས་མཆོག་ཏུ་གྱུར་པ་ནི།གཙང་ནག་པ་བརྩོན་འགྲུས་སེང་གེ དན་འབག ་པ་སྨྲ་བའི་སེང་གེ བྲུ་ཤ་བསོད་ནམས་སེང་གེ རྨ་བྱ་བ་རྩོད་པའིསེང་གེ བརྩེགས་པ་དབང་ཕྱུག་སེང་གེ ལྡན་མ་དཀོན་མཆོག་སེང་གེ