[A:༩ན]གཙང་པ་འཇམ་དཔལ་སེང་གེ རྐྱང་འདུར་བ་གཞོན་ནུ་སེང་གེ་ཁ་ཅིག འཇམ་སེང་གི་ཚབ་མྱང་བྲན་པ་ཆོས་ཀྱི་སེང་གེ་ འདྲེན་ནོ།
འཁོན་ཇོ་སྲས་བསོད་ནམས་རྩེ་མོ། རྔོག་ཇོ་སྲས་ར་མོ། ཁུ་ཇོ་སྲས་ནེ་ཙོ། གཉོས་ཇོ་སྲས་དཔལ་ལེ་དང་བཞི་ལ་ཇོ་སྲས་བཞི་ཟེར། ་ འགར་? ལྗག་ཆུང་?འཛད་?འགར་དབང་གྲུབ། ཀོང་པོ་འཇག་ཆུང་། ལྷོ་བ་སྒོག་ཟན། བར་ཕུ་བ་དང་བཞི་ལ་ཤེས་རབ་ཅན་བཞི་ཟེར། གཞན་ཡང་འཇད་པ་སྟོན་སྐྱོབས། རྡོ་རྗེ་འོད་ཟེར་ལ་སོགས་པ་དང་། དུས་གསུམ་མཁྱེན་པ་དང་། ཞང་ཚལ་བ་ལ་སོགས་པ་མང་དུ་བྱོནནོ། དེ་དག་ལས་གཙང་ནག་པ་ནི་རྗེ་བཙུན་འཇམ་དཔལ་གྱི་བསྙེན་པ་མཛད་པས་བློ་རྣོ་ཞིང་དབུ་ཚད་སོགས་ལ་ཡིག་ཆ་མང་པོ་དང་།རྣམ་ངེས་བསླབ་བཏུས་ཏུས་སྤྱོད་འཇུག་དབུ་མའི་བསྟན་བཅོས་རྣམས་ལ་རྣམ་བཤད་དང་། དབུ་མའི་བསྡུས་པའི་ཆེ་ཕྲ་མང་དུ་མཛད། རྨ་བྱ་བ་ནི་ལུང་དང་ཚད་མ་ལ་ཤིན་ཏུ་མཁས་ཤིང་པ་ཚབ་ལ་དབུ་མ་དང་འདུལ་བ་གཉིིས་ཀ་གསན་ཏེ་དབུ་མའི་བཤད་པ་ཡུན་རིང་མཛད་པས་པ་ཚབ་ཀྱི་བུ་བཞི་ཡ་གྱལ་དུའང་གྲགས་ལ། བཙང་ཐང་པ་རྒྱལ་བ་དཔལ་སོགས་པ་སློབ་མ་དུ་མ་བྱུང་། རྩ་ཤེས་དང་ཚིག་གསལ་གྱི་སྟོང་ཐུན་མཐུན་དང་རྟོག་གེ་ཐོ་བ་རྣམས་ལ་ཊིཀྐ་དང་། དབུ་མའི་བསྡུས་པ་སོགས་ཡིག་ཆ་མང་དུ་མཛད་དོ། སློབ་དཔོན་བསོད་ནམས་རྩེ་མོ་ནི། ཆུང་ངུའི་དུས་ནས་ཡི་དམ་མང་པོའི་ཞལ་གཟིགས། མི་ཐུབ་ཟླ་བ་ལ་སོགས་པའི་པཎྜི་ཏ་བཅུ་གཅིག་ཏུ་བརྒྱུད་ནས་སྐྱེ་བ་བཞེེས་པ་དྲན། རྡོ་རྗེ་ཐེག་པ་མཐའ་དག་ལ་མཁས་པར་རྒྱ་བོད་ཀུན་ཏུ་གྲགས་ཤིང་། གསང་ཕུར་ཆ་པ་ཆེན་པོའི་