[A:༩བ]དྲུང་དུ་བྱོན་ཏེ་སྒྲ་ཚད་འདུལ་མངོན་ལ་སོགས་པ་ལ་ལུས་པ་གསན། སྔ་ཕྱིར་ལོ་བཅུ་གཅིག་ཙམ་བཞུགས་ཡུམ་རྒྱས་པ་དང་གསེར་གྱི་གན་ཇི་བྱི་་ར་ལ་སོགས་པའིི་ཆོས་དང་ཟང་ཟིང་གི་འབུལ་བས་བསྙེན་བསྐུར། ཕྱིས་ནི་ཤིན་ཏུ་ཟབ་པའི་མན་ངག་ལམ་འབྲས་བུ་དང་བཅས་པ་ལ་བརྟེན་བསྟེན་ནས་གདུལ་བྱ་མང་པོ་སྨིན་པར་མཛད་ལ་སྐུ་ལུས་མ་སྤང་པར་བདེ་བ་ཅན་དུ་གཤེགས་སོ། སྤང་ ཕུ་བ་ནི། སྐྱེས་ཐོབ་ཀྱི་བློ་གྲོས་མཚུངས་པ་མེད་ཅིང་། རྩ་ཤེར་ཤེས་ལ་སོགས་པའི་ཊི་ཀྐ་མཛད། ཕྱིས་ནི་དགེ་བའི་བཤེས་གཉེན་གྲུ་ཤུལ་བ་སོགས་ལ་མན་ངག་མང་དུ་གསན་ཏེ་བསྒོམས་པས་གྲུབ་པའི་མཚན་མ་བརྙེས་/བསྙེས?། དོ་ཧ་སྐོར་གསུམ་སོགས་ལ་ཊིཀྐ་མཛད་དོ། འཇད་པ་བསྟོན་སྐྱབས་ཀྱི་ནི་སྤྱོད་ཕྱོགས་དང་ཆོས་མངོན་པའི་བཤད་པ་མང་དུ་མཛད། སློབ་མ་ཡང་སྐྱེས་བུ་དམ་པ་མང་དུ་བྱོན་ནོ། ཕག་མོ་གྲུབ་པ་ནི་ལྕགས་ཕོ་སྟག་ལ་འཁྲུངས། ཆ་པའི་དྲུང་དུ་དབུ་ཚད་སོགས་ཀྱི་སྒྲོ་འདོགས་བཅད་གཅད། ས་སྐྱ་པ་ཆེན་པོའི་དྲུང་དུ་མན་དག་མང་དུ་ཞུས་ཏེ་བསྒོམས་པས་སྦྱོར་ལམ་བཟོད་པ་ཐོབ། ཕྱིས་ནི་སྒམ་པོ་རིན་པོ་ཆེའི་དྲུང་དུ་བྱོན་ཏེ། ཕྱག་རྒྱ་བརྒྱ་ཆེན་པོ་ཞུས་པས་བདེན་པ་མངོན་སུམ་དུ་མཐོང་བ་ལ་སོགས་པའིཡོན་ཏན་བསམ་གྱིས་མི་ཁྱབ་བོ།ཁག་ཅིག་གིས་་ཆ་པས ་དང་པོ་་ལོ་བཅོ་བརྒྱད་གདན་ས་མཛད། བར་དུ་བསྐྱུར་ནས་དམྱལ་དུ་གྲོ་ལུང་པའི་དྲུང་དུ་ལོ་གཉིས་བཞུགས། དེའི་བར་ལ་གདན་ས་མེད། ཕྱིས་ལོ་བཅུ་བདུན་གདན་བདན་སར་འདབས་འདབས་པས་སྔ་རྟིང་སྒྲིལ་དྲིལ་བས་ལོ་སོ་ལྔ་གདན་ས་མཛད་ཟེར་བ་ཡོད་དོ།