[A:༡༠ན]ཆ་པའི་རྗེས་སུ་
{7}
བརྩེགས་མང་པ་དབང་ཕྱུག་སེང་གེ་གདན་ས་ལོ་ལྔ། {8}
གཙང་པ་འཇམ་སེང་གིས་ལོ་བཅུ་གསུམ་་། འདིའི་དུས་སུ་གླིང་སྟོད་བསྟོད་སྨད་གྱེས་ཤིང་། གྱེས་ལུགས་ཡང་། ཁག་ཅིག་དམྱལ་པ་དད་པ་བཟང་པོ་འཇམ་སེང་ལ་མ་འདུན་པས་གྱེས་ཟེར། ཁག་ཅིག་གཙང་པ་འཇམ་སེང་གིས་འཛམ་རྩན་་ནེའི་དུས་དབོན་པོ་ཇོ་འཕུར་གྱི་བདག་རྐྱེན་ལ་བསྟེན་ནས་བཤད་གྲྭ་ལོགས་སུ་བཙུགས་པས་གྱེས་ཟེར་རོ། འཇམ་སེང་གིས་རྗེས་སུ་
Lower Monastery Succession
{1}
དམྱལ་པ་ དད་པ་བཟང་པོས་ལོ་བདུན། {2}
ཛམ་རྩན ་ནེས་ལོ་བདུན། {3}
གཟད་པ ་དར་མ་འོད་དང་། {4}
གཟད་པ་དོན་གྲུབ་གཉིས་ཀྱི་ལོ་སུམ་བཅུ། {5}
སློབ་དཔོན་ཇོ་ནམ་གྱི་ལོ་བཅོ་ལྔ། {6}
རོག་ གོམས་པས་ཟླ་བ་དྲུག {7}
སྒྲོས་རྙིང་པ་འོད་ཟེར་མགོན་པོས་ལོ་སོ་ལྔ ། {8}
འཇམ་དབྱངས་ཤཱཀྱ་གཞོན་ནུས་ལོ་ཉི་ཤུ་རྩ་བདུན། {9}
རྒྱ་མ་བཀྲིས་རྒྱལ་མཚན་གྱི་ལོ་བརྒྱད། {10}
དམྱལ་པ་ཕྱོགས་ལས་རྣམ་རྒྱལ་གྱིས་ལོ་བརྒྱད། {11}
ཡར་འབྲོག་པ་གཞོན་ནུ་རྒྱན་མཚན་གྱིས་ཟླ་བ་གཅིག {12}
རྒྱལ་སྡེ་བ་གཞོན་ནུ་སེང་གེས་ལོ་བརྒྱད།
{13}
གཙང་དཀར་གྱིས་ལོ་གསུམ། {14}
བློ་གྲོས་སེང་གེ་ལོ་བཅུ་བདུན། {15}
དར་དབང་ལོ་བདུན། {16}
བླ་མ་ཡེ་ཤེས་ཀྱི་ལོ་བཅུ། {17}
ཤེས་རབ་རྒྱལ་མཚན་གྱི་ལོ་གསུམ། {18}
གཞོན་ནུ་བློ་ལྡན་གྱི་ལོ་དྲུག {19}
བློ་གྲོས་བརྟན་པས་ལོ་གསུམ། {20}
ཚད་མ་སྔོན་མོ་ལོ་ལྔ། {21}
བསོད་ནམས་འཕེལ་ལོ་བཅུ་དགུ {22}
སེང་གེ་རྒྱལ་མཚན་གྱི་ལོ་བརྒྱད། {23}
བསམ་གཏན་བཟང་པོ་ལོ་བདུན། {24}
སངས་རྒྱས་རྒྱལ་མཚན་གྱི་ལོ་བཅུ། {25}
བརྩོན་འགྲུས་སེང་གེ་ལོ་དྲུག {26}
གྲ་ཆུང་པ་ཡོན་ཏན་