[A:༡༠བ]རྒྱ་མཚོས་བརྒྱ་མཚོའི་ལོ་ངོ་ལྔ།
{27}
གསང་མདའ་བ་སངས་རྒྱས་ཆོས་སྐྱོང་གི་ལོ་བཅུ་བཞི། {28}
གླིང་སྨད་པ་ཤེབ་རབ་དཔལ་ལྡན ་གྱིས་ལོ་གསུམ། {29}
གཙང་པ་སངས་རྒྱསབཟང་པོ། {30}
རྗེ་དབོན་བློ་བཟང་ཉི་མ། {31}
ཤངས་དགེ་འཕེལ་བ་ཕྱོགས་ལ་འདིར་ལས་རྣམ་པར་རྒྱལ་བ་/འོད་ཟེར་རྣམ་པར་རྒྱལ་བ་?ལོ་བཅུ་གཉིས།བཅིུས་། {32}
གསང་མདའ་ཆོས་རྒྱལ་ལོ་གཅིག {33}
སྟག་སྟོན་ཀུན་དགའ་དཔལ་འབྱོར་གྱི་ལོ་བཅུ་གསུམ། {34}
ར་ཆུང་པ་ཡོན་ཏན་ཆོས་འཕེལ་ལོ་བཅུ་གསུམ། {35}
རྩེ་ཐང་པ་ལྷ་དབང་དཔལ་འབྱོར་ལོ་བཅུ་དྲུག {36}
མངའ་རིས་པ་བསོད་ནམས་དཔལ་བཟང་ལོ་དྲུག {37}
བྱམས་པ་གླིང་པ་གྲགས་ལོ་གཉིས། {38}
གསང་མདའ་བ་བསམ་གྲུབ་དཔལ་བཟང་ནི་ད་ལྟའི་གདན་ས་པ་ཡིན་ལ། འདི་དག་ནི་གླིང་སྨད་གྱི་གདན་རབས་ཡིན་ནོ། །
Upper Monastery Succession
གླིང་སྟོད་ཀྱི་གདན་རབས་ནི།
འཇམ་དཔལ་སེང་གེ་ཡན་མཐུན་མོང་བ་ཡིན་ལ། དེའི་རྗེས་སུ་ཞུ་སྟོན་ཧྲལ་མོས་ལོ་ལྔ།
བློ་གྲོས་འབར་གྱི་ལོ་ལྔ། དམྱལ ་ཞིག་འཇམ་དཔལ་རྡོ་རྗེས་ལོ་བརྒྱད་གདན་ས་མཛད་དོ། འདི་ནི་འུང་ཤང་རྡོར་ལོ་དགུའི་བར་མཚམས་བསྡམས་གདམས་ཏེ་བཤད་པ་མཛད་པས་སྲས་ཀྱི་ཐུ་བོ་དམྱལ་ཞིག་བུ་དགུར་གྲགས་པ་བྱུང་ལ། དེ་ཡང་ཆེ ་ཚར་གསུམ་ནི། གཟད་རིངས་ པ་དར་མ་ཚུལ་ཁྲིམས། ཕུ་ཐང་པ་དར་མ་དཀོན། གཙང་པ་གྲུ་ཆུང ་དང་གསུམ། བར་ཚར་གསུམ་ནི། འུ་ཡུག་པ་བསོད་ནམས་སེང་གེ བུ་སྟོང་པ་རིན་ཆེན་རྩེ་མོ། གཙང་པ་ཇོ་ནམ་དང་གསུམ། ཕྱི་ཚར་གསུམ་ནི། རྒྱ་འཆི ་རུ་བ། འཇམ་གསར་ཤེས་རབ་འོད་ཟེར། སྐྱེལ་ནག་ གྲགས་པ་སེང་གེ་དང་གསུམ་མོ། དེ་དག་ལས་གཟད་རིངས་ ཀྱིས་ཁྲོ་ཕུར་