[A:༡༡ན]བཤད་པ་མཛད་པས་ལྷོ་པ་གྲུབ་པ་སེང་གེ་ལ་སོགས་པའི་སློབ་མ་མཁས་པ་མང་དུ་བྱུང ་ཞིང་། ས་ལོ་ཙཱ་་ཚ་བ་དང་ཁྲོ་ཕུ་ལོ་ཙཱ་ཚ་བ་ལ་སོགས་པའི་སྐྱེས་བུ་དམ་པ་མང་དུ་བསྟེན་པས་རིག་པའི་གནས་མཐའ་དག་ལ་བློ་གྲོས་མཚུངས་པ་མེད་པར་གྱུར་ཏོ། ཕུ་ཐང་པས་ནི་སྟོད་ལུང་མཚོ་སྨད་དང་ཡར་ལུང་སུ་བཤད་པ་མཛད་པས་གཉན་དར་མ་སེང་གེ་དང་། བྱ་ཡུལ་དཀར་མོ་ལ་སོགས་པའི་སློབ་མ་མང་དུ་ཐོན། གཙང་པ་གྲུ་གུས་ཞ་ལུར་བཤད་གྲྭ་བཙུགས་ཏེ་ཞ་ལུ་བ་རྣམས་དམྱལ ་པའི་ཊིཀྐ་འཆད་པའི་ཆམ་བུ་ རིན་པོ་ཆེ་ཕེབས། སློབ་དཔོན་བཀྲིས་བཟང་པོ་ལ་དམྱལ་ཊིཀྐ་གི་ལུང་གསན་ནས་བཤད་པ་མཛད་དོ།
འུ་ཡུག་པས་ས་སྐྱར་ས་པཎ་ལ་རྣམ་འགྲེལ་གསན། དེར་བཤད་པ་མཛད་པས་མཁས་ཆེན་པོ་ཞང་མདོ་སྡེ་དཔལ་ལ་སོགས་པའི་སློབ་མ་མང་དུ་བྱུང་དིང་སང་གི་བར་དུ་རྣམ་འགྲེལ་ཤིན་ཏུ་དར་ བར་འདི་ཁ་ཆེའི་པཎྜི་ཏ་ཤཀྱ་ཤྲི་བྷ་དྲ་དང་ཁོང་རྣམ་གཉིས་ཀྱི་བཀའ་དྲིན་་ལས་ཡིན་ནོ།
བུ་སྟོང་ རིན་པོ་ཆེས་བྲག་རམ་དུ་བཤད་གྲྭ་བཙུགས་པས་སྟག་སྡེ་པ་སེང་གེ་རྒྱན་མཚན། སློབ་དཔོན་དར་འོད། དབུ་མ་པ་ཤེར་འབུམ། བུ་སྟོན་གྲགས་སེང་ལ་སོགས་པ་མཁས་པ་མང་དུ་ཐོན་ལ། དེ་ཡང་སྟག་སྡེ་བས་རིན་རྩེ་ལ་ཕར་ཚད་མངོན་པ་སླབས། མཁས་པར་མཁྱེན་ཁྱེན་ནས་ཨེའི་ཟུར་ཆོས་དང་། ལོག་གྲོང་ལ་སོགས་པར་བཤད་པ་མཛད་པ་དང་། སྔ་ཚར་ལ་ཤོང་ལོ་ཚ་བ་སྐུ་མཆེད། དཀོན་གཞོན་ཆེ་ཆུང་ལ་སོགས་དང་། ཕྱི་ཚར་ལ་རོང་པ་ཤེར་སེང་། སྤངས་ལོ་སོགས་མང་དུ་ཐོན་ནོ།
འཇམ་དབྱངས་གསར་མ་ནི་སྐྱེས་ཐོབ་ཕུལ་དུ་བྱུང་བས་