[A:༢ན]ཡངས་པ་ཅན་ལ་སོགས་པར་གདུལ་བདུལ་བྱ་སྣ་ཚོགས་པ་རྣམས་རྣམ་ལ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བར་མཛད་ཅིང་། ཐ་མར་མེ་མོ་ཕག་གི་ལོ་ལ་འགར་བའི་བུ་བརྩུནྡ འི་ཞལ་ཟས་ཀྱི་ཐ་མ་གསོལ་ཏེ་གྱད་ཀྱི་ཡུལ་ཤིང་ས་ལ་ཟུང་གི་བར་དུ་གཟིམས་ཁྲི་བཅས་པ་ལ་དྲི་ཟའི་རྒྱལ་པོ་རབ་དགའ་དང་། ཀུན་ཏུ་རྒྱུ་རབ་བཟང་ལ་བདེན་བཞིའི་ཆོས་བསྟན་པ་ལ་བརྟེན་བསྟེན་ནས་བདེན་པ་མཐོང་བ་དང་དགྲ་བཅོམ་པ་ལ་འགོད་པར་མཛད་དོ།
[2]
གཉིས་པ། སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོ་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་བྱས། དགྲ་བཅོམ་པ་ལྔ་བརྒྱས་བཀའ་བསྡུ་དང་པོ་མཛད་ཅིང་། དེ་ཡང་ཀུན་དགའ་བོས་མདོ་སྡེ་དང་། ཉེ་བར་འཁོར་གྱི་འདུལ་བ་དང་། འོད་སྲུངས་གསུངས་ཆེན་པོས་མངོན་པའི་སྡེ་སྣོད་བསྡུས་ནས་ཀུན་དགའ་བོ་ལ་གཏད། དེས་ལོ་བཞི་བཅུའི་བར་དུ་བསྟན་པ་བསྐྱངས་སྐྱངས་ནས་ཤ་ནའི་གོས་ཅན་ལ་གཏད། དེ་ནས་རིམ་པ་བཞིན་དུ་ཉེར་སྦས་དང་། དྷི་དྷི་ཀ་ནག་པོ་དང་ལེགས་མཐོང་གི་བར་དུ་བསྟན་པ་གཏད་དེ་ལེགས་པར་བསྐྱངས་སྐྱངས་སོ། དེའི་རྗེས་སུ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་ཡངས་པ་ཅན་གྱི་དགེ་སློང་གིས་གི་མི་རུང་བའི་བཞི་བཅུ་བྱས་པ་རྣམས་རྒྱལ་པོ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས་ཏེ་གྲགས་པ་ལ་སོགས་པ་དགྲ་བཅོམ་པ་བདུན་བརྒྱས་སུན་ཕྱུང་ནས་བཀའ་བསྡུ་གཉིས་པ་མཛད། དེའི་རྗེས་སུ་དགྲ་བཅོམ་པ་རྣམས་ཀྱིས་སྐད་རིགས་མི་གཅིག་ཅིག་པ་བཞི་སོ་སོར་ཀློགས་པས་སློབ་མ་རྣམས་གྲུབ་མཐའ་སྣ་ཚོགས་སུ་གྱུར་པ་ན། དགྲ་བཅོམ་པ་ལྔ་བརྒྱ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སོ་སྐྱེ་བོའི་མཁས་པ་རྣམས་ཀྱིས་