R104: དཔལ་ལྡན་གསང་ཕུའི་གདན་རབས་གསལ་བའི་མེ་ལོང་།

  • Pagination (Witness A): ༢བ
[A:༢བ]ཛ་ལན་དྡྷ་རིར་་བཀའ་བསྡུ་གསུམ་པ་མཛད་དོ། དེ་དག་ནི་ཉན་ཐོས་ཀྱི་དབང་དུ་བྱས་པ་ཡིན་ལ། ཐེག་ཆེན་པ་ནི་ཤིན་ཏུ་དར་ནས་ཅུང་ཉམས་དམས་པའི་ཚེ་འཕགས་ཕགས་པ་ཀླུ་གྲུབ་བྱོན་ཏེ་སེང་གེའི་སྒྲ་ལན་གསུམ་བསྒྲགས་པས་ཤིན་ཏུ་དར་བར་གྱུར་འགྱུར་ལ་དེ་ནི་རྗེས་སུ་འཕགས་ཕགས ་པ་ཐོགས་མེད་དང་། སློབ་དཔོན་དབྱིག་གཉེན་ལ་སོགས་པ་བྱོན་ཏེ་འཕགས་ཕགས་པའི་ཡུལ་དུ་བསྟན་པ་ཉི་མ་ལྟར་གསལ་བར་མཛད་དོ།
[3]
གསུམ་པ་ནི། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོར་འདོར་། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་དང་ལྔ་བརྒྱ་འདས་པ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ་ཞེས་གསུངས་པ་དང། དུས་འཁོར་རྩ་བརྒྱུད་ལས། ཡུལ་གྱི་སྒྲ་ཡི་དོན་རྙེད་་པ། །དེ་ལ་བསྟན་བཅོས་སྒྲ་ཡིས་ཅི། །ཞེས་པ་དང་། འགྲེལ་ཆེན་དྲི་མེད་འོད་ལས། བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་ཀྱི་ཀྱིས་སྐད་ཀྱིས་བྲིས་ཏེ། ཞེས་གསུངས་པ་ལྟར། བོད་དུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རིང་ལ་ཐོག་མར་དམ་པ་ཆོས་ཀྱི་དབུ་བརྙེས་རྙེས་བར་དུ་སྲོལ་གཏོད། མཐར་དར་ཞིང་རྒྱས་པར་མཛད་ཅེས་གཏམ་དུ་གྲགས་པ་ལྟར་ཡིན་ནོ།
[4]
བཞི་པ་ནི།
[4.1]
གང་ལ་བརྟེན་བསྟེན་གང་གིས་གི་དང་པོར་བཏབ།
[4.2]
ཐུབ་དབང་གཉིས་པའི་མཛད་པ་ཕྱོགས་བཅུར་སྨོས།
[4.3]
གང་ཉིད་ནི་གི་ཕྲིན་ལས་བསམ་པའི་ཡུལ་ལས་འདས་པའོ།
[4.1]
དང་པོ་ལ་གཉིས་སྟེ།
[4.1.1]
ཨ་ཏི་ཤ་ཡིས་ས་ལ་ལུང་བསྟན་ཚུལ།
[4.1.2]
བཏབ་ལོ་ངོས་བཟུང་སྔ་ཕྱིར་གཞན་བཞན་ཡང་བསྟན་པའོ།
[4.1.1]
དང་པོ་ནི། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བརྩན་གྱི་དུས་སློབ་དཔོན་རྔོག་ཆེན་པོ་ཞེས་བྱ་བས་རྒྱ་བརྒྱ་བོད་འཐབས་པའི་ཚེ། གྱད་ རྣམས་ཀྱིས་རྒྱལ་པོ་ལ་བརྒལ