R104: དཔལ་ལྡན་གསང་ཕུའི་གདན་རབས་གསལ་བའི་མེ་ལོང་།

  • Pagination (Witness A): ༣ན
[A:༣ན]བ་ན། རྒྱ་དམག་རིང་དུ་བསྐྲད་པ་དང་། གྱད་ཕལ་ཆེ་བྲག་ལ་བརྡབས་གདབས་ནས་གསད་པས་རྒྱལ་པོ་ཉིད་སྐུ་སྲོག་ལས་ཐར་ཞིང་བློན་བླུན་པོའི་བྱ་བ་མཐའ་དག་བྱས་པས་བློན་འབངས་རྣམས་ཀྱིས་ཕུད་དུ་འཁུར། དེ་ལས་གདུང་རབས་རིམ་པར་བྱོན་པ་ལ་ཡར་འབྲོག་ དོའི་/མདོའི་? མཚོ་འགྲམ་དུ་སྔགས་རྙིང་མའི་བརྒྱུད་པ་འཛིན་པའི་རྡོ་རྗེ་གཞོན་ནུ་ཞེས་བྱ་བས་སྲས་བསྐྲུན་པའི་ཆོ་ག་མཛད་པས། རྔོག་ལེགས་པའི་ཤེས་རབ། ཀླུ་ཁྲི། ཀླུ་བྱ། ཆོས་སྐྱབས། ཐུབ་པ་དང ལྔ་འཁྲུངས། གཅེན་གྱིས་འབྲིང་ཡེ་ཤེས་ཡོན་ཏན་ལ་རབ་ཏུ་བྱུང་ནས་མདོ་ཁམས་སུ་སེ་བཙུན་གྱི་དྲུང་དུ་སློབ་གཉེར་ལ་བྱོན། སྡེ་སྣོད་ཀྱི་གྱི་སྦྱངས་པ་མཐར་ཕྱིན་པ་མཛད། ཁུ་རྔོག་འབྲོམ་གསུམ་ཞེས་མཁས་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ། འབྲོམ་གྱིས་དབུས་སུ་བྱོནཔའི་ཕྱི་ལོ་
[ བྱི་ལོ་]
ཁུ་སྟོན་དང་རྔོག་ལྷན་ཅིག་བྱོན། དེའི་ཚེ་འབྲོམ་གྱིས་མངའ་རིས་ནས་དབུས་ཀྱི་ཀ་བ་ཤཱཀྱ་ཤཀྱ་དབང་ཕྱུག་སོགས་བོད་སྟོན་རྣམས་ལ། ཇོ་བོ་གདན་འདྲེན་གྱི་སྤྲིངས་ཡིག་བརྫངས་སྫངས་པས། ཁུ་རྔོག་གཉིས་ཀྱང་མངའ་རིས་སུ་ཇོ་བོ་གདན་བདན་འདྲེན་དུ་བྱོན། གདམས་པ་མང་དུ་ཞུས་པས་སྲས་ཀྱི་ཐུ་བོར་གྱུར། ཇོ་བོ་སྙེ་ཐང་དུ་ཕེབས་པའི་སྐབས་ཤིག་ཏུ་ད་ལྟའི་གསང་ཕུའི་ཐད་ཀྱི་ནམ་མཁའ་ལ་ཕྱག་མཛུབ་འཛུག་གཏད་གཏོད་དེ། ལུང་པ་ཕ་གིའི་ནམ་མཁར་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་རྒྱུན་མི་ཆད་འཆད་དུ་འཁོར་དེའི་ལྷོ་བྱང་དུ་བྱམས་པ་དང་འཇམ་དབྱངས་གཉིས་རྒྱལ་བ་ཉིད་དཔང་སྤང་དུ་བཞག་ནས་སངས་རྒྱས་ཀྱི་སྐུ་ལ་གསུམ་དང་བཞི་ལ་སོགས་པའི་འབེལ་གཏམ་མཛད་ཀྱི་འདུག་པས། རྔོག་རང་ཡ་གིར་