R104: དཔལ་ལྡན་གསང་ཕུའི་གདན་རབས་གསལ་བའི་མེ་ལོང་།

  • Pagination (Witness A): ༣བ
[A:༣བ]དགོན་པ་བཏབ་ན་བསྟན་པ་ནམ་གནས་ཀྱི་བར་ལ་བཤད་གྲྭ་གྲ་རྒྱུན་མི་ཆད་འཆད་ཅིང་ཤིན་ཏུ་ཕན་ཡོན་ཆེ་བར་འོང་ཞེས་ལུང་བསྟན་ནོ།
[4.1.2?]
དེ་ཡང་ཇོ་བོ་རྗེ་ ཆུ་ཕོ་རྟའི་ལོ་ལ་མང་ཡུལ་སྐྱིད་སྐྱི་གྲོང་དུ་ཕེབས། དེ་ནས་ཤིང་མོ་བྱའི་བར་མངའ་རིས་སུ་བཞུགས། མེ་མོ་ཁྱི་ནས་ནས་ཆུ་མོ་སྦྲུལ་གྱི་ས་སྐྱ་པ་སོགས་ས་གནས་ཐ་དད་པ་རྣམས་སུ་རིམ་གྱིས་ཕེབས་ཏེ་མ་འོངས་འོང་པ་ལུང་སྟོན་བསྟོན་པ་དང་། མདོ་སྔགས་ཀྱི་བཀའ་དང་བསྟན་བཅོས་མང་དུ་བསྒྱུར་བ་དང་། གདུལ་བྱ་མཐའ་ཡས་རྣམས་ལ་ཇི་ལྟར་འཚམ་པར་བདག་པས་གཞན་གཅེས་ཅེས་ཀྱི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཟབ་པ་དང་།རྒྱ་བརྒྱ་ཆེ་བའི་ཆོས་བསྟན་པས་གོ་འཕངས་མཆོག་ལ་བཀོད། རང་ལོ་བདུན་བཅུ་རྩ་གསུམ་པ་ཤིང་ཕོ་རྟའི་ལོ་ལ་དགའ་ལྡན་དུ་གཤེགས་སོ། ཇོ་བོ་བོད་དུ་ ལོ་བཅུ་གསུམ་ལྷག་ཙམ་བཞུགས་པ་ནི་འབྲོམ་གྱིས་གྱི་མཛད་པའི་ལམ་ཡིག་ལས་བྱུང་འབྱུང་ཞིང་། མཁས་པ་ཆེན་པོ་འགའ་ཞིག་ནིཇོ་བོ་མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ དབུས་གཙང་གཞན་དུ་ལོ་ལྔ་སྟེ། གྲིལ་བས་བོད་དུ་ལོ་བཅུ་བདུན་བཞུགས་ཞེས་གསུངས་གསུང་ལ། བསྟོད་པ་བརྒྱ་བཅུ་པ་དང་སྟུན་ན་འདི་ཉིད་འགྲིག་པར་སྣང་སྟེ། དེ་ཉིད་ལས། ཁྱོད་སྔོན་སྲོ་མ་པུ་རི་ན། ། རྟོག་གེ་འབར་བ་གསུངས་པའི་ཚེ། ། ད་ནི་ལོ་ནི་ཉི་ཤུ་ན། ། ཚེ་ཡི་འདུ་བྱེད་སྟོངས་འགྱུར་གསུངས། ། དེ་ནས་ལོ་གཉིས་ལོན་པ་ན། ། བོད་དུ་འབྱོན་ཁའི་དུས་ན་ནི། ། བྲི་/བྲ་? ཀ་མ་ནི་ཤི་/ཤཱི་? ལ་ན། ། ད་ནི་ལོ་ནི་བཅོ་/བགོ་/གོ་? བརྒྱད་ནས། ། ཚེ་ཡི་འདུ་བྱེད་བཏང་ནས་སུ། །