[A:༤ན]ལུས་ནི་བོད་དུ་འཇོག་གོ་གསུངས། །
ཇི་སྐད་གསུངས་བཞིན་མ་འཁྲུལ་བར། །
འགྱུར་པ་དེ་ནི་ངོ་མཚར་ཆེ། །
ཞེས་གསུངས་པས་སོ། གང་ལྟར་ཡང་ཤིང་ཕོ་རྟ་ནས་ལོ་བཞི་པ་མེ་མོ་བྱ་ལ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ར་སྒྲེང་བཏབ།
དེ་ནས་ལོ་གསུམ་པ་བསྒྱུར་བྱེད་ཅེས་བྱ་བ་ས་མོ་ཕག་ལ།
{1}
རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུར་བཤད་གྲྭ་གྲ་ བཙུགས་གཙུགས་[1059]
སོ། དེ་ནས་ལོ་བཅོ་ལྔ་པ་ཆུ་མོ་གླང་ལ་འཁོན་དཀོན་མཆོག་རྒྱལ་བརྒྱལ་པོས་དགུང་གུང་ལོ་བཞི་བཅུ་བཞེས་པའི་དུས་[1073]
ན་དཔལ་ལྡན་ས་སྐྱ་བཏབ་བོ།
[4.2 rNgog lo History?]
[4.2.1?]
? དང་པོ། ? བཙུན་དང་ཡོངས་རྫོགས་སྫོགས་བསྟན་ལ་ཞུགས། །[4.2.2]
གཉིས་པ་ལ་འཕགས་ཡུལ་བསྟན་བཅོོས་མཁས་རྣམས་?[4.2.3]
གསུམ་པ་བོད་འདིར་ཆོས་འཁོར་བཞི་པ་བསྐོར་བའོ།[4.2.1]
དང་པོ་ནི།་གསང་ཕུ་བཏབ་པའི་ལོ་རྔོག་ཆོས་སྐྱབས་དང་། ཡུམ་དཔལ་མོ་ཞེས་བྱ་བ་ལ་སྲས་གཅིག་འཁྲུངས ་པ་ནི། བློ་ལྡན་ཤེས་རབ་སྟེ། འདི་ནི་འཇམ་དཔལ་རྩ་རྒྱུད་ལས།
ངས་སྔོན་བསོད་ནམས་ཐམས་ཅད་ལ། །
བཏང་དཀའི་བདོག་པ་མ་ལུས་བཏང་། །
བྱ་དཀའ་མི་ཟད་དེ་ཡང་བྱས། །
དེ་ཡི་ཕྱིར་ན་ང་སངས་རྒྱས། །
འདིར་ནས་བྱང་ཕྱོགས་གངས་འགྲམ་དུ། །
བློ་ལྡན་གང་ཞིག་འབྱུང་གྱུར་པ། །
ང་ཡི་བསྟན་པ་འཛིན་བརྩོན་ཕྱིར། །
ཡི་གེ་སྒྲ་དང་བཤད་བྱ་ལ། །
བློ་གྲོས་ཐོགས་ཐོག་པ་མེད་པ་འབྱུང་། །
ཞེས་ལུང་བསྟན་པ་ལྟར་སྐུ་མཛེས་ཤིང་བརྗིད་ཆགས་པ་དང་། དབུ་ཤིན་ཏུ་རྒྱས་པ་དང་།མདུན་བདུན་མཐོ་བ་དང་། སྐུ་ཆུ་ཞེང་གབ་པ་དང་། ཞབས་ཀྱི་ལོང་བུ་མི་མངོན་པ་ལ་སོགས་པའི་མཚན་དང་དཔེ་བྱད་འབར་བ་དུ་མས་མཛེས་ཤིང་། ཆུང་