R104: དཔལ་ལྡན་གསང་ཕུའི་གདན་རབས་གསལ་བའི་མེ་ལོང་།

  • Pagination (Witness A): ༤བ
[A:༤བ]ངུའི་དུས་ནས་ཡི་གེ་ལ་སོགས་པ་དམ་པའི་གཙུག་ལག་དང་འབྲེལ་བའི་ལས་རྣམས་ལ་ལས་སུ་རུང་བ། འཛུམ་པའི་སེམས་ཀྱིས་གཞན་ལ་ཕན་པར་རྩོལ་སྙིང་རྗེ་དང་ཤེས་རབ་ཕུན་སུམ་ཚོགས་པས་སྲིད་ཞིའི་སྐྱོན་ཡོན་མཐོང་བ་སྔོན་དུ་འགྲོ་བའི་ངེས་?ཡིད་?འབྱུང་བ་དང་། དོན་གཉེར་རང་གི་རང་གིས་ལྡན། རང་ཉིད་ཡུལ་ངན་པར་སྐྱེས་ཀྱང་དེའི་ཉེས་པས་མི་འགོས་གོས། རི་བྲག་དང་འབྲོག་ཕྱོགས་པ་རྣམས་ཀྱི་ཞུས་པ་གསལ་ནས་སྤྲོ་བ་བསྐྱེད་པ་དང་། ཡུལ་བཟང་པོར་སྤྱོད་པའི་བསོད་ནམས་རྣམས་་ཀྱིས་མཐུ་སྟོན་ཅིང་བདེ་ལེགས་ཀྱིས་ཚོགས་བཅས་འབྱོར་བས། རྣལ་འབྱོར་དང་མཐུན་པའི་དགོན་གནས་དམ་པ་བདག་གིར་མཛད་ལ། རང་གི་ཁུ་བོ་ས་སྟེངས་ན་ཉིན་ཟླ་ལྟར་གྲགས་པ་ལེགས་པའི་ཤེས་རབ་ཀྱི་ཀྱིས་དྲུང་དུ་ལེགས་སྦྱར་བ་དང་། སྡེ་སྣོད་ཕལ་ཆེར་ལ་རང་ལོ་བཅུ་བདུན་ཚུན་ཆད་དུ་སྦྱངས་ཤིང་དེ་ཉིད་ཀྱི་བརྩེ་བས་ལེགས་པར་བསྐྱངས།དགུང་གུང་ལོ་བཅོ་བརྒྱད་ཀྱིས་ངོ་མཐོང་བ་ན་བསྙེན་པར་རྫོགས་བསྫོགས་པའི་དགེ་སློང་གི་དངོས་པོ་རིམ་པར་བསྟན་པའི་རྩ་བ་འདུལ་བ་ལ་བློ་སྦྱངས་པས་ཉེས་པའི་ཆ་ཕྲ་མོས་ཀྱང་མ་གོས་པའོ། མཁས་པ་གཞན་དག་ནི་ཁ་ཆེར་བསྙེན་པར་རྫོགས་ སྫོགས་ཞེས་གསུངས་སོ།
[4.2.2]
གཉིས་པ་ནི། དེའི་ལོ་མངའ་བདག་ རྩེ་ལྡེའི་མེ་ཕོ་འབྲུག་
[1076]
གི་ཆོས་འཁོར་ལ། ར་ལོ། གཉན་ལོ། ཁྱུང་པོ་ཆོས་བརྩོན། དྭགས་པོ་དབང་རྒྱལ་བརྒྱལ། བཙན་ཁ་བོ་ཆེ།