R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༦ན
[A:༦ན] ནས། པོ་ཏ་རིར་ཕེབས་ཏེ། རྣམ་འཕྱང་ཞེས་བྱ་བ་ས་ཕོ་ཁྱིའི་ལོ་དབྱར་ཟླ་རིང་པོའི་དབྱར་ཟླ་གཉིས་པའི་དཀར་ཕྱོགས་ཀྱི་གྲལ་ཚེས་གསུམ་གྱི་མཚན་མོའི་ཐུན་དང་པོ་ལ་མཁན་པོ་ཡོན་ཏན་རྒྱལ་མཚན་པ་དང། ལས་ཀྱི་སློབ་དཔོན་འདུལ་བ་མཛིན་པ་དཔལ་ལྡན་བརྩོན་འགྲུས། གསང་སྟེ་སྟོན་པའི་སློབ་དཔོན་འདུལ་བ་འཛིན་པ་གཞོན་ནུ་འབུམ་ཞེས་བགྱི་བ་དང། དད་པའི་དགེ་འདུན་བཅོ་ལྔ་དང་བཅས་པའི་དབུས་སུ། མངལ་བཟུང་པ་དང། ཤོལ་དང་བཅས་པ་རྩིས་པའི་ལོ་གྲངས་ཉི་ཤུའི་ངོ་ལ་བསྙེན་པར་རྫོགས་པ་མཛད་པ་ཡིན་ནོ། ཆོས་ཀྱི་མ་མོ་
མ་
བསླབས་ཐུགས་ཆུད་ཀྱང། སྔོན་ཚེ་སྟོན་པས་རང་ཉིད་རབ་བྱུང་ནས། རིང་དུ་འཕུར་དང་ལྷག་སྤྱོད་རྟེན་ཚུལ་བཞིན། བཤེས་གཉེན་རྟེན་པར་མཛད་ལ་ཕྱག་འཚལ་ལོ། དེ་ཡང། སྔོན་པས། ལྷས་སྤྲུལ་བའི་སྔོན་པ་ལས་ཤ་ནའི་རས་གོས་ངུར་རྨྲིག་སླངས་ཏེ། ཀ་ཤི་ཀའི་རས་ཕྲན་དེ་ལ་གནང་ནས། དཔལ་རང་བྱུང་དུ། བསྙེན་པར་རྫོགས་པར་མཛད། རྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་ལས་ཅི་ཡང་མེད་པའི་སྐྱེ་མཆེད་ཐོབ། དེས་ཀྱང་ཐུགས་མ་ཚིམ་པར། རེང་བྱེད་ཀྱི་བུ་ལྷག་སྤྱོད་ལས་སྲིད་རྩེའི་སེམས་ཐོབ། དེས་ཀྱང་ཐུགས་མ་ཚིམ་པར། ཆུ་འོ་ནེ་རན་ཛའི་འགྲམ་དུ་བྱོན་ནས་བརྟུལ་ཤུགས་ངན་པ་ཚར་གཅོད། མཁའ་ཁྱབ་ཀྱི་རིན་ཆེན་ལ་མཉམ་པར་བཞག་པ་དང་ཚུལ་མཚུངས་པར། འདིར་ཡང། འདུལ་བའི་སྡེ་སྣོད་མཐའ་དག་ལ་མཁས་པར་སྦྱངས་ཤིང། ཆོས་སྦྱིན་ཉོན་མོངས་ཅན་ཡིན་པས། མདོ་སོགས་ཡང་དག་ཇི་བཞིན་སྟོན་ཅེས་པ་ལྟར། དབྱར་དེ་ནང་གྱོངས་སུ་འདུལ་བ་གསུངས། དེའི་སྟོན་དང་། དགུན་སྤྱིད་སྦྲེལ་ནས་གཞུགས། ཐོས་པ་དེ་ཙམ་གྱིས་ཐུགས་མ་ཚིམ་པར་བྱམས་ཆོས་ལྔ་དང། ཀུན་ལས་བཏུས་དང། མཛོད་རྣམས་ཀྱི་གཞུང་བཟུང། དགུན་སྨད་རྣམ་ངེས་ཀྱི་གཞུང་མཛིན་གྱི་ཡོད་པ་ན་པོ་ཏ་རིའི་གནས་པོ་དེ་ལ་དར་འབག་ན་ཞིང་གཅིག་ཡོད་པ་ལ་ལུད་སྐྱེད་ཀྱིན་འདུག་པའི་ལུད་ཕུང་གི་གྲངས་མ་དང་མཉམ་པའི་གཞུང་ཤོག་ཟིན་མི་ཟིན་གྱི་རྒྱལ་བྱས་པས། ཉིན་གཅིག་རྗེ་པས་ཀྱང་ཤོག་གུ་གཅུ་གསུམ་ཟིན། ཁོས་ཀྱང་ལུད་ཕུང་བཅུ་གསུམ་