[A:༥བ] ལྷའི་ལོངས་སྤྱོད་ཀྱི་ལྟས་མོ་ལ་རྒྱ་ཡངས་པ་ཡིན་ལ། གཞན་གྱིས་གཉག་དབོན་གཉིད་པོ་ཆེ་འདི་ལ་ཅི་ཡང་མི་སྟུབ། རྟ་བོང་ཡིན་ན་མགོ་རྣ་ལེགས་པ་དགའ་བ་ཡིན་ཟེར་ཏེ། བཀུར་འདེབས་མང་དུ་བྱུང་པ། ཆོས་རྗེ་གཉག་ཆེན་པས་གསན་ནས་ཐུགས་ལོག། ད་ཁྱོད་རང་རེ་ཤིག་ལ་གཏོར་ཤོམས་བཞོག་ལ་ཆུ་ལེན་བགྱིས་གསུང། དེ་ནས་ཚོགས་པའི་ཆུ་ལེན་གྱི་ཚུལ་ཟླ་བ་གཅིག་ཙམ་མཛད་དགོས་བྱུང། ཕྱུག་རྫི་གཅིག་ཡོད་པ་ལ་རྔན་པ་བྱིན། འདུ་ཁང་གི་འགག་ཚུན་ཁོས་ཁུར། དེ་ནས་གཞན་གྱིས་སྐྱོར་ཏེ། ཟངས་བན་ང་རང་གིས་ཁུར། ནང་གཅིག་སྐྱོར་མཁན་མེད་པར། ཟངས་བན་མ་ཐེག་པར་སྐས་ཐུང་གི་ཁ་ནས་འགྱེལ། བན་ཐག་གིས་རྐེ་འགགས་ནས་དེ་རུ་ཤི། དེ་ནས་མཁེན་དོན་གྲུབ་དཔལ་བའི་གསུང་ནས། བཙུན་ཆུང་འདི་ལ་གཡོག་མ་འཆོལ། རྐས་པ་མ་བྱེད། མི་རེས་དཔུས་མོས་བྱེད་པ་འོང། འདིས་བསྟན་པ་དང། བསྲེ་འདི་ལའང་ཕན་ཐོགས་པར་འདུག། སྣམ་སྲས་དུས་གཏོར་ལ་འབྱོན་དུས། འདིའི་ལག་དུ་རྒྱལ་མཚན་གཏད་དོ། འདི་ཁོ་ནའི་རྗེས་བཞིན་དུ་འབྲང་བ་གཅིག་འདུག་གསུང། ཤིན་དུ་དགྱེས་པར་མཛད་དོ། ཚོགས་པའི་དགོངས་ཀྱི་ཆོས་སྤྱོད་ཐུས་། བཞུགས་གདན་གྱི་ཟུར་དང། སྐུ་སྤང་དུ་འཇོག་པ་གཅིག་ཡོད། ཆོས་རྗེ་འདི་ཤིན་དུ་ཐུགས་ལ་འདོགས་པ་གཅིག་ཡིན་
ཞལ་ནས་
གསུང། དེ་ནས་ཚོགས་རང་དུ་འདུལ་བ་མཁས་པར་མཁྱེན་ཆོས་ཀྱང་བཤད་
དེའི་བཤད་གསར་ཇོ་གདན་ཚོགས་ཆེན་པ་དང། དགེ་འདུན་སྒང་པ་གཉིས་ཀ་ལ་ཁྱད་མེད་དུ་མཛད། ཚོགས་པ་དབུས་ཕྱོགས་སུ། ཀརྨ་པ་
རོལ་པའི་རྡོ་རྗེ་འཇལ་བ་དང། སློབ་དཔོན་ཨརྒྱ་བྱ་བས། ལྷ་ས་སྤོ་ཏ་རིར་བཀྲ་ཤིས་སྒོ་མངས་ཀྱི་མཆོད་རྟེན་རྩིག་གི་ཡོད་པའི་རབ་གནས་ལ་སྤྱན་དྲངས་ཚུར་ཕུར་ཕེབས་པ་ན། རིན་ཆེན་དོན་གྲུབ་དཔལ་གྱི་དྲུང་དུ་འདིར་བསྙེན་རྫོགས་ཐུགས་རྗེས་མཛིན་པར་ཞུ་ཞུས་པས། རིན་ཆེན་པས་གནང་བར་བྱུང་སྟེ། དེ་དུས་མཁེན་ཡོན་རྒྱལ་བ་གདན་པ་ལ་ཡོད་པས། ཁོང་པ་ལ་སློབ་དཔོན་གྱི་ཆོ་ག་ཐུགས་ལ་མེད་པས་ལན་པ་ཡིན་འདུག་དགོངས་པ་རྟིང་ལ་ལོག་རྟོག་བྱུང་གསུང་ཞལ་ནས་
གང་ནའང་མཁེན་པའི་གསུང་གིས་འདིར་མི་ཁོ་པར་འདུག། པོ་ཏ་རིར་སླེབས་འཕྲལ་བྱེད་པ་ཞུ་གསུང། རིན་ཆེན་པའི་གསུང་གིས་ང་དང་ཁོང་གཉིས་བསླབ་ཚིག་རིང་ཐུང་ཁྱད་མེད། ཁོང་དང་བསྟུན་པ་མཐད་གསུང་