R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༧བ
[A:༧བ] པའི་དོ་ཟླ་ཡིན་པ། ཁོ་ལ་རྣམ་འགྲེལ་གྱི་དེ་ཕྱིར་ཡུལ་ཐ་དད་པའང་མིན། རང་གི་ངོ་བོ་སྤྱོད་པ་ན། རང་རིག་འབྲས་བུ་ཡིན་པར་འདོད་ཀྱི་གཞུང་དྲིས། ལྷ་ཤག་གི་འགྲེལ་པ་གཞིར་བཞག་གི་སྒྲོ་གླེངས་བྱས་པས། ཤིན་དུ་བཅོམ་པར་བྱས་པས། ས་སྐྱ་ཚོགས་སུ་སྒྲོ་གླེངས་བཟང་པའི་ཐོག་ཆོད་ཅིང། ཉ་དབོན་པ་ལ་རྣམ་འགྲེལ་དང། མངོན་པ་གོང་འོག་གཉིས་དང། དབུ་མའི་བསྐོར་འགའ་རེ་གསན། དེར་ཕྱི་མཚན་ཉིད་ཐེག་པའི་སྒྲོ་འདོགས་ལེགས་པར་ཆོད་ནས། སྔར་གྱི་ཐུགས་འཕེན་ཡོད་པ་བཞིན། དབུས་གཙང་ལ་གྲྭ་བསྐོར་ལ་བྱོན་དགོངས་པ་ན། ས་སྐྱ་པའི་ཉ་བརྩོན་རྣམ་གཉིས་ཀྱིས་ཐོག་གྲངས་བརྒྱ་ཚོ་དཔོན་བྱིན་གྱིས་བྱ་ཁྲ་མོའི་ཁ་ཚུན་སྐྱེལ་ཐུང་མཛད། ད་ལན་ཁྱེད་དྲུག་པོ་འདི་གྲངས་མང་རྒྱུ་མི་འདུག་ནའང། ཁ་ཤར་ཕྱོགས་ལ་གཏད་ནས་ཕྱོགས་གཅིག་ཏུ་འགྲོ་བ་ལ། ཁྱེད་ཚོ་ལས་སྟོན་པ་བཟང་པ་དང། གྲའུ་ཆེར་མ་བྱུང་པས། ཁྱེད་ཚོ་ལ་གྲལ་གཅིག་སྒྲིག་དགོས་ལ་ཡོན་ཏན་ཐམས་ཅད་བསམ་གྱི་མི་ཁྱབ་པ་འདུག་ནའང། གཉག་ཕུ་དབོན་པོ་བསླབ་པས་ཆེ་བར་འདུག་པས། ཁྱེད་ཀྱི་དབུ་མཛད་གྱིས་གསུང་ནས། ཀརྨ་བ་དཀོན་མཆོག་གཞོན་ནུ་དང་། སངས་རྒྱས་འཕེལ། གཡག་ཕྲུག་སངས་རྒྱས་དཔལ་དང། གཞན་གཉིས་དང་བཅས་པའི་དྲུག་གིས་གྲལ་བསྐོར་མཛད་དེ། པོ་ཏི་ནི་ཕར་ཚད་གཉིས་དང། ཀུན་ལས་གཏུས་དང། མདོ་སྡེ་བརྒྱན་དུ་མདོ་རྩ་དང། མཛོད་དུ་གདབ་དེ་དུས་པོ་ཏི་མང་ཡོད་འདྲའི་ལུགས་འདི་ཡོད་ན། རྗེ་པ་མངའ་བརྒྱད་རྩམ་དང། དཀོན་གཞོན་ལ་བཅུ་བདུན་ཙམ་དང། སངས་རྒྱས་རྣམ་གཉིས་ལའང་མང་པོ་ཡོད་གསུང། གསང་ཕུ་དང། ཆོས་འཁོར་གླིང་དུ། ཀརྨ་པས་བརྩུབ་འགྱུར་དེ་བྱེད་དགོས་པ་བྱུང། རྩེ་ཐང་དུ། བདག་ཆེན་འཇམ་དབྱངས་པས་མཐོང་བསྐུར་བསྟི་གནང་སྦྱིན་རྣམས་ཁྱད་པར་ཅན་མཛད་དེ་ཤིན་དུ་གཉེས་པར་བྱུང། དུས་ཕྱིས་དབུས་པའི་དམག་གིས་ལྷ་ཁང་ཆེན་མོ་སླངས། བྱང་པ་མངའ་ཞབས་སུ་བཅུག། བཟང་ལྡན་ལའང་དམག་གི་ཐོ་བཟན་བྱུང་དུས་གྲྭ་པ་ལའང་ཕན་གསུང། དེ་ནས་རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པ་ཐོབ་མི་འགྱུར། དེ་ལྟ་བས་ན་གཞན་དག་ཚར་གཅད་རྗེས་བཟུང་དང། བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། ཅེས་པ་ལྟར། གཞན་ཚར་