[A:༨ན] གཅོད་པ་གཏན་ཚིག་རིག་པ་དང། སྒྲ་རིག་པ་དང་གཉིས། རྗེས་སུ་མཛིན་པ་སྨན་སྤྱད་དང་གཟོ་རིག། ནང་རིག་པའི་བསྟོན་དང་ལྔ་ལས། གཏན་ཚིག་རིག་པ་ལ། གྲུབ་པ་སྡེ་བདུན་ནམ་བརྒྱད་ལ། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་རྣམ་འགྲེལ་ངེས་གཉིས། རིགས་ཐིགས་དང་གསུམ། ཡན་ལག་གི་བསྟན་བཅོས་། གཏན་ཚིགས་ཐིགས་པ། འབྲེལ་པ་བཏགས་པ། རྩོད་རིགས། རྒྱུད་གཞན་གྲུབ་པ་རྣམས་དང། སྒྲའི་བསྟན་བཅོས། ཀ་ལཱ་པ་དང། ཙནྟྲ་པ་གཉིས་ཀ་དང། སྙན་དངགས་ཀྱི་བསྐོར་དང། ཨ་མ་ར་ཀོ་ཤ་དང། ཚིག་བརྒྱན་དང། དོན་རྒྱན་དང་། བྱདཀཱ་དང། གབ་ཚིག་ལ་སོགས་བསྟོན་པའི་མེ་ལོང་དང། གསོ་སྤྱད་ཡན་ལག་བརྒྱད་པ་དང། གསེར་འགྱུར་དང་། སྐུ་གཟུགས་ཀྱི་ཚད་ལ་སོགས་པ་སྟོན་པའི་བསྟན་བཅོས་དང། ནང་རིག་གི་བསྟན་བཅོས་མཆིན་ཀུན་ལས་བསྟུས་ལ་སོགས་པ་མཐའ་དག་ལ་སྦྱངས་པ་མཛད། ཀུན་མཁྱེན་གདན་པ་ལ་བདེ་མཆོག་དྲིལ་བུ་པའི་དབང་དང། དེའི་རྫོགས་རིམ་རིམ་ལྔ་དང། ཚེ་དཔག་མེད་ཛེ་ཏ་རིའི་ལྷ་གུ་མ་རྗེ་དབང་དང་གདམས་པ་མང་དུ་གསན། བླ་མ་མགོན་པོ་འབུམ་པ་ལ། ཁྲོ་ཕུ་བའི་མན་ངག་བརྒྱ་རྫེམ་ སྤྱན་རས་གཟིགས་གསང་སྒྲུབ་དང། མདོ་མང། ཕལ་ཆེན། དཀོན་རྩེགས། ལུང་བཞིའི་འགྲེལ་པ། གཞི་འགྲེལ་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་དང། རྣམ་འབྱེད་འགྲེལ་ཤཀྱ་བཤེས་གཉེན་གྱིས་མཛད་པ་དང། སོ་ཐར་འགྲེལ་པ་བམ་པོ་ལྔ་བཅུ་པ་དང། ཕྲན་ཚེགས་འགྲེལ་སློབ་དཔོན་ཚུལ་ཁྲིམས་སྐྱབས་ཀྱིས་མཛད་པ་དང། ཞུ་འགྲེལ་དགེ་བའི་བཤེས་གཉེན་གྱིས་མཛད་པ་དང། འདུལ་བ་འོད་ལྡན་དང།་ཕར་ཕྱིན་གྱི་འགྲེལ་པ་དེ་ཉིད་རྣམ་ངེས་དང། དག་ལྡན་དང། ཉི་ཁྲི་སྣང་བ་དང། ཉི་ཁྲི་གཞུང་འགྲེལ་དང། རྒྱུད་བླའི་འགྲེལ་པ་ཐོག་མེད་ཀྱིས་མཛད་པ་དང། ཡང་དེས་མཛད་པའི་གཏན་ལ་དབབ་པ་བསྡུས་པ་དང། གཞི་བསྡུ་བ། རྣམ་གྲང་བསྡུ་བ། རྣམ་བཤད་སྒོ་ལུ་སྡེ་པ་ས་སྡེ་ལྔ། ཀུན་ལས་གཏུས་དང། ཐེག་བསྡུས་དང། དབྱིག་གཉེན་གྱི་