R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༩ན
[A:༩ན] སམ་ཌོ་པ་དམ་ཚིག། ལྟ་ས།་རྟ་སྐད། དབྱུག་པ། མཛེ་བརྟག་པ། གཏོར་མའི་ལས་ཚོགས་བཅུན། བདེ་ལེགས་སྤྱི་འགྲེལ། ཕོ་ཉའི་སྐོར་ལ། བསྙེན་པ། ཡུང་དཀར། ཁྲོ་བོའི་དགྲ་བགེགས་ལ་ཐུན་དབབ་པ། ལྷ་ལྔ་དང་དབྲལ་བ། ཁྲག་ཟོར། གཏོར་སྒོ་དབྱེ་བ། གཏོར་ཟོར། དབང་གི་ཆོ་ག། དབང་པོ་རབ་འབྲིང་ཐ་གསུམ་གྱི་བྲོ། རྟའི་རྒྱུ་ལ་ཤུགས་ཀྱི་བྲོས། ངག་གྲོལ་ཕྲ་མེན་འཛུལ་ཆོག། ལམ་བསྲུངས་ལྕགས་ཁང་མ། སེར་བསྲུངས་བཀའ་རྒྱ་མ་རྣམས་དང། ཞི་བྱེད༌སོ་རིག་པ་གཅེར་མཐོང། ཞི་བྱེད་ཆོས་ཆུང་དྲུག་པ། ཨ་རི་གདན་པ་གནད་ཀྱི་ཞུས་ལན། སོའི་ཤེས་བྱ་དྲུག་སྐོར། ཞི་བྱེད་རྒྱུད་པ་ཕྱི་མའི་གླེགས་བམ་གྱི་དབང། བདེ་ལེགས་བཅུ་གཅིས་ཀྱི་བཀའ། རྟེན་འབྲེལ་ཁང་འཇུག་གི་བཀའ། ལམ་ལྔའི་ཁྲིད། གཤེད་དམར་ལྷ་ལྔའི་དབང། བསྒྲུབ་མཐའ་རིམ་པ་གཉིས། རབ་གསལ་སྣང་བ། དེའི་བསྟོད་པ་བདག་འཇུག། དབང་ཆོག་གི་ཟུར་འདེབས། དོན་གཉིས་རབ་གསལ། སྦྱིན་སྲེག་གི་ཆོ་ག་གཏོར་མ། ཚེ་དཔག་མེད་དཀར་པོ། ཡིག་འབྲུ་གསུམ་གྱི་བསྲུང་བ། མན་ངག་གཅེས་བསྡུས། རྗེས་སྣང་རྒྱ་མཚོ། བསྟན་པ་སྤྱིའི་དཔང། རིག་གསུམ་སྤྱིའི་རིགས་གཏད་ལ་སོགས་པ་གསན། མཁན་ཆེན་བྱང་སེང་པའི་དྲུང་དུ། མན་ལུང་གུ་རུས་མཛད་པའི་སྦྱོར་དྲུག་གི་ཁྲིད་ཡིག། མཚན་བརྗོད་ཀྱི་བཤད་པ་ངོ་སྤྲོད་སྦྱར་བ། བཙན་ཐབས་ཀྱི་ཁྲིད་ཡིག། དེའི་ཉམས་ཁྲིད། སྦྱོར་དྲུག་གི་ཞལ་གདམས་གཉིས། རྗེད་བྱང། རླུང་བརྒྱབ་འགྲེན་གྱི་མན་ངག། རས་ཆུང་སྙན་རྒྱུུད་ཀྱི་ཁྲིད། འདི་ལ་རྒྱུད་པ་ཡིད་བཞིན་ནོར་བུ། སྨིན་ལམ་ཡིད་བཞིན་ནོར་བུ། གྲོལ་ལམ་ཡིད་བཞིན་ནོར་བུ། ཕྱེ་ན་རབ་གསལ་རྒྱས་བསྡུས། དབང་རྒྱས་བསྡུས། གཤིན་ཆོག་རྒྱས་བསྡུས། བསྔོ་བ་གསལ་འདེབས་ཐོངས་སུ་ཕྱེ་བའི་ཆོས་བསྐོར་བཞི་བཅུ་ཞེ་གཅིག། ཡང་འོད་གསལ་འཆར་བའི་རིམ་པའི་བྱིན་བརླབས་རང་བྱིན་རླབ་པ། རྣམ་རྟོག་འོད་གསལ། བདུད་རྩི་བྱིན་བརླབས། དེ་རྣམས་ཀྱི་རྒྱ་གཞུང། རྣོར་བཞིའི་ཁྲིད། དེའི་བྱིན་