R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༨བ
[A:༨བ] མཛད་པའི་པྲ་ཀ་ར་ན་སྡེ་བརྒྱད་སོགས་དང། ཤེས་སྤྲིན། བཀའ་དང། བསྟན་བཅོས། མན་ངག། དབང་རྗེས་སྣང་ལ་སོགས་པ་མང་དུ་གསན། གཞན་ཡང་ཆོས་རྗེས་ཀུན་ཆེན་རིན་པོ་ཆེའི་རྟོག སྟོང་ཆེན་རབ་འཇམས། སོར་མོ་ཕྲེང་བ་བསིལ་མཚལ། གསང་སྔགས་རྗེས་མཛིན་རྨ་བྱ་ཆེན་མོ་ཏེ་བཟུངས་གྲལ་ལྔ། གསེར་འོད་དམ་པ་མཆོག་ཏུ་རྣམ་རྒྱལ། གསེར་འོད་བམ་པོ་བཅུ་པ། གསེར་འོད་བམ་པོ་ལྔ། བསྟན་པ་སྤྱི་འགྲེལ་དང། བཀའ་སྡུ་བཞི་པ་དང། བླ་མའི་རྣལ་འབྱོར་གསན། Teachings from Bla ma dam pa and Theg chen chos rje ཆོས་རྗེ་རོལ་པའི་རྡོ་རྗེ་ལ་རྒྱལ་བ་རྒྱ་མཚོའི་བསྐོར་དང། གདམས་པ་མང་དུ་གསན། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་ལ། དུས་འཁོར་གྱི་མདོར་སྡུད་དང་པོའི་བཤད་སྦྱར་དང། འཇམ་དབྱངས་ཀྱི་ཆོས་སྐོར་འགའ་རེ་གསན། དུས་ཕྱིསཐེག་ཆེན་ཆོས་ཀྱི་རྒྱལ་པོ་ལ་ལམ་འབྲས་ཀྱི་ལམ་སྦས་བཤད་དང། ཆོས་སྐོར་མང་དུ་གསན་ཅིང། སྔ་མོ་ནས་ཀྱི་སློབ་བུ་ཡིན། ཡར་ལའང་ཆོས་ཀྱི་འབྲེལ་པ་ཕུལ་གསུང་། ཀུན་མཁྱེན་མུ་སྲད་པ་དཔལ་ལྡན་སེང་གེ་ལ་རྟ་མགྲིན་ཡང་གསང་ཁྲོས་པའི་དབང་ལུང་མན་ངག་ཆ་ལག་དང་བཅས་པ་ཞུས་ཅིང། དེ་དུས་ཏྲ་སྐད་སྟོན་པ་ཡིན་ཟེར་བའི་ཕུར་པ་གཅིག་དང་ཕུར་པ་ར་ཆག་མར་གྲགས་པ་གཅིག་དང། དེ་སྐོར་གྱི་པུ་ཏི་གཅིག་གནང་ནས་ཆོས་ཆོས་བདག་ལ་འཕྲོད་པ་ཡིན་གསུང་ཞིང། གདམས་པའི་གནད་མང་པོ་གནང་བ་རྣམས་ཀྱི་རྣམ་གྲངས་འདི་ལྟ་སྟེ། པདྨ་དབང་ཆེན་གྱི་སྐོར་གྱི་ལུང་དང། དེའི་གཏོར་མ་ལ་རྟེན་པའི་དབང། ཡང་གསང་ཁྲོས་པའི་རྒྱུད། འཕྲིན་ལས། ལོ་རྒྱུས། སྒོམ་ཁོག། དབང་བྱང། བསྒྲུབ་བྱང། སྲོག་བྱང། ཆེ་བྱང་
གནས་ཀྱང་
རབ་གནས་ཀྱི་བྱང་བུ། དཔའ་བོ་གཅིག་པའི་མངོན་རྟོགས་ཡབ་ཡུམ་ཀྱང་བསྒྲུབ། གདོན་བགེགས་སྐྲག་པའི་ཆོ་ག། སྦྱིན་སྲེག་གི་མངོན་རྟོགས། ཚེ་དབང་གི་སྒོམ་ཁོག། བཀྲ་ཤིས་ཀྱི་ཆིག་རྒྱུད གནས་བྱང་གི་ཊི་ཀ། བདུད་རྩི་རྣམ་བྱེ། དེ་སྒྲུབ་པའི་ཐོ་ བར་དོའི་གདམས་པ། ཟས་གཏད། དཀའ་ཐུབ། གཏུམ་མོ་དྲོད་ཀྱི་དམིགས་བསྐོར་བཅོ་བརྒྱད། རྡ་བྲོའི་ཞལ་གདམས་ཤོག་གྲིལ་མ། བསྐྱེད་རྫོགས་ཟུང་འཇུག། སེམས་བཟུང་བ། ཆགས་དབྲལ་བ། བསྡུད་བཟློག། མནན་པ། དངོས་གྲུབ་བསྒྲུབ་པ། གཟེར་བ། བཅོད་པ།