R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༡༠ན
[A:༡༠ན] ཡིག། མི་མོ་དགུག་པ། བདུད་རྩི་སིན་རྜུ་རའི་སྒྲུབ་པ། བཅུད་ལེན། དབང་པོ་
ཐམ་
ལོ་བཅུ་དྲུག་གིས་སངས་རྒྱས་བའི་ཡན་ལག། ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས་འཕགས་པས་མཛད་པ། དེའི་གཟུངས་ཕྱག་རྡོར་ཨུ་ཙརྱའི་བརྒྱུད། ཀླུ་གྲུབ་ཀྱི་རྒྱ་གཞུང། ལས་ཚོགས། རྗེས་སྣང་དང་བཅས་པ་དང། འཇམ་དཔལ་མཚན་རྗོད་ཕན་ཡོན་དང་བཅས་པ། དུས་འཁོར་རྒྱུད་ཕྱི་མའི་སྙིང་པོ། དུས་འཁོར་གྱི་སྐོལ་རྒྱུད། མདོར་བསྡུས་དབང་གི་རབ་བྱེད། ཀྱཻའི་རྡོ་རྗེའི་རྒྱུད་རྟག་པ་དང་ལེའུ་བཅུ་པ་དང། འོག་མ་ལེའུ་བཅུ་གཅིག་པ། བཤད་རྒྱུད་མཁའ་འགྲོ་མ་གུར་ལེའུ་བཅོ་ལྔ་པ།་བཤད་རྒྱུད་དཔལ་སམ་བྷུ་ཊི། དེའི་རྒྱུད་ཕྱི་མ། ཀྱཻའི་རྡོ་རྗེའི་སྐུ་གསུང་ཐུགས་གསང་བའི་མཛོད། དེ་ཁོ་ན་ཉིད་ཀྱི་སྒྲོལ་མེ། ཕྱག་རྒྱ་ཆེན་པོ་ཐེག་གེ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད། དཔལ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད། དེའི་སྐུ་རྒྱུད་སྙིང་པོ་བཅུ་བཞི་པ། ཡེ་ཤེས་ཐིག་གེ་རྣལ་འབྱོར་མའི་རྒྱུད་ཕྱི་མ་དང། ཕྱི་མའི་ཕྱི་མ་ལེའུ་ཉེར་དགུ་མ་དང། བདེ་མཆོག་ཉུང་ངུའི་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་བ་དང། བདེ་མཆོག་བཤད་རྒྱུད་མངོན་བརྗོད་དམ་ངེས་བརྗོད་བླ་མའི་རྒྱུད་ལེའུ་དྲུག་བཅུ་རྩ་དགུ་པ་དང། དཔལ་རྡོ་རྗེ་མཁའ་འགྲོ་དང་རྣལ་འབྱོར་མའི་ཀུན་སྤྱོད། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་དང། དཔལ་བདེ་མཆོག་སྡོམ་འབྱུང་གི་རྒྱུད་ལེའུ་སོ་གསུམ་པ་དང། ཧེ་རུ་ཀ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ལེའུ་ཞེ་བཞི་པ་དང། ཕག་མོ་མངོན་བྱུང་གི་རྒྱུད་ལེའུ་བཅུ་པ་དང་། ལེའུ་གཉིས་པ། དེའི་བཤད་རྒྱུད་ཕྱི་མ་མངོན་པར་འབྱུང་གི་རྒྱུད་ལེའུ་མེད་པ། རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད། རིག་པ་མཛིན་པའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་རྒྱུད་ལེའུ་གསུམ་པ། ར་ལིའི་རྒྱུད་ལེའུ་བཅུ་པ། བདེ་མཆོག་ར་ལིའི་རྒྱུད་སོ་གཉིས་ནི། གསང་བ་རྡོ་རྗེའི་རྒྱུད་ཆེན། གསང་བ་ཐམས་ཅད་གཅོད་པའི་རྒྱུད་རྒྱལ། ནམ་མཁའ་དང་མཉམ་པའི་རྒྱུད་རྒྱལ། ནམ་མཁའ་