R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༡༠བ
[A:༡༠བ] ཆེན་པོའི་རྒྱུད་རྒྱལ། སྐུ་གསུང་ཐུགས་ཀྱི་རྒྱུད་རྒྱལ། རིན་ཆེན་ཕྲེང་བ། དམ་ཚིག་ཆེན་པོ། སྟོབས་པོ་ཆེན་པོ། ཡེ་ཤེས་གསང་བའི། ཡེ་ཤེས་ཕྲེང་བའི།
ཡེ་ཤེས་འབར་བའི་
ཐམས་ཅད་གསང་བའི། ཟླ་བའི་ཕྲེང་བའི། རིན་ཆེན་འབར་བའི། ཉི་མའི་འཁོར་ལོའི། ཡེ་ཤེས་རྒྱལ་པོའི། རྡོ་རྗེ་མཁའ་འགྲོ་མ་གསང་བའི། གསང་བ་མེ་འབར་གྱི། གསང་བ་བདུད་རྩིའི། དྲུད་དོ་རྒྱན་གྱི། འཁོར་ལོ་སྡོམ་པ་རྡོ་རྗེ་རྒྱལ་པོའི། ཡེ་ཤེས་བསམ་པའི། ཆགས་པའི། མཁའ་འགྲོ་མའི། ཟླ་བའི་ཕྲེང་བའི། གསང་བ་འབར་མའི། དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི། མེའི་ཕྲེང་བའི། རྡོ་རྗེ་གྲུབ་པ་དྲ་བའི་སྡོམས་པའི། སྟོབས་ཆེན་ཡེ་ཤེས་རྒྱལ་པོའི། འཁོར་ལོ་སྡོམས་པའི་རྒྱུད་རྒྱལ་དྲུད་དོར་གྱི་རྒྱན་གྱི་རྨད་དུ་བྱུང་པ། དཔལ་རྟོག་པ་མེད་པའི་རྒྱུད་རྒྱལ་པོ། བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་རི་གི་ཨ་ར་ལི། ནམ་མཁའ་དང་མཉམ་པ། སངས་རྒྱས་མཉམ་སྦྱོར། དེའི་རྒྱུད་ཕྱི་མ། གདན་བཞིའི་རྒྱུད། དེ་ཕྱི་མའི་རྒྱུད། དེའི་ལས་སྦྱོར། རྡོ་རྗེ་བདུད་རྩིའི་རྒྱུད། སངས་རྒྱས་ཐོད་པ།་ཟླ་བས་ཐིག་གེའི་རྒྱུད། གསང་བ་འདུས་པ་ཞེས་བྱ་བ་ལེའུ་བཅུ་ཅན་པ། དེའི་རྒྱུད་ཕྱི་མ། དེའི་བཤད་པའི་རྒྱུད། རྡོར་ཕྲེང་མངོན་བརྗོད་རྒྱུད་ཐམས་ཅད་ཀྱི་སྙིང་པོ་རྣམ་པར་ཆེ་བ། དགོངས་པ་ལུང་སྟོན། ཡེ་ཤེས་ཀུན་ལེགས་བཏུས། ལྷ་མོ་བཞིས་ཞུས་པ། རྡོ་རྗེ་སྙིང་པོ་བརྒྱན་གྱི་རྒྱུད། གཞོན་ནུ་གདོང་དྲུག་གི་རྒྱུད། རྟོག་པ་བདུན་པ། རྟོག་པ་གསུམ་པ་གཏམ་རྒྱུད་དང་བཅས་པ་གཤིན་རྗེ་བཤེད་དམར་པོའི་རྒྱུད། གཏུམ་མོ་ཁྲོས་ཆེན། རྣམ་སྣང་སྒྱུ་འཕྲུལ་དྲ་བ། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་དྲག་པོ་གསུམ་འདུལ།
གསང་རྒྱུད་དྲག་པོ་གསུམ་འདུལ།
ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གནོད་སྦྱིན་དྲག་པོ་མེ་ལྕེའི་རྒྱུད། ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པ་དེའི་རྒྱུད་རྒྱལ། རྡོ་རྗེ་སྙིང་པོ་མེ་ལྕེ་དབབ་པ། རིགས་འཛིན་མགོན་པོ་ལེའུ་ལྔ་བཅུ་པ། བཅོམ་ལྡན་ར་གཅིག་པ། མགོན་པོ་དངོས་གྲུབ་འབྱུང་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་སྟེ་མཉམ་པར་སྟོན་