[A:༡༢བ] མཁས་
པ་
ཐམས་ཅད་ཀྱི་ཤོག་དྲིལ་རེ་ཕུལ། ནང་པར་དེ་འདིས་ཁོ་བོའི་གྲུབ་མཐའ་གོ་འདུག་གསུང་ནས། ངའི་ཤོག་དྲིལ་དེ་ལ་ཕྱག་རྟགས་མཛད་བྱུང་གསུང། འདི་ནི་རྩ་བའི་བླ་མ་རྣམས་ཀྱི་ནང་ནས་མཆོག་ཏུ་འཛིག་པར་འདུག་གོ། ཐོས་བསམ་སྒོམ་ལས་སྐད་ཅིག་མ་ཡེངས་པར། འཆད་རྩོད་རྩོམ་པས་བསྟན་པ་གསལ་བར་མཛད། སྡོམ་གསུམ་ནོར་བུ་མིག་འབྲས་བཞིན་དུ་བསྲུང། རྒྱལ་སྲས་གཙོ་བོ་ཆོས་རྗེའི་ཞབས་ལ་འདུད། ཕ་རོལ་ཕྱིན་དང་རྡོ་རྗེ་ཐེག་པ་ཡི། བཀའ་དང་བསྟན་
བཅོས་བསྒྲུབ་ཐབས་
མན་ངག་གི། ཉན་བཤད་མཐར་ཕྱིན་བཤད་གྲྭ་སྡེ་བཙུགས་ནས། པཎ་ཆེན་ཁྲི་མནན་རིང་ལུགས་བསྐྱངས་ལ་འདུད། དེ་ཡང་འདི་སྐད་གསུང་སྟེ། བྱང་པ་འཇམ་དབྱངས་ནམ་མཁའ་རིན་ཆེན་གྱིས་བཟང་ལྡན་གྱི་ཆོས་གྲྭ་གཟིགས་ནས། དྲུང་ནས་ཟུར་ཆོས་པ་གཅིག་ལ་བསྐོས། བཙུན་ཆུང་བཅུ་དྲུག་སྤྲད། དེ་ལ་རྟེན་པའི་ཉན་བཤད་ལོ་བཅུ་གཅིག་བར་མཛད། རྟིང་སུ་ཆོས་སར་གྲྭ་པ་གསུམ་བརྒྱ་རྩམ་ཡོད་པ་བྱུང། ད་ལྟའི་བྱང་པ་བསོད་སྐྱབས་འདི་དང། ཆོས་རྗེ་མཆོག་བཟང་ལེགས་པའི་བློ་གྲོས་སུ་གྲགས་པ་འདི། འཆད་ཉན་འཇོག་འཚམས་ཀྱི་བཙུན་ཆུང་རེ་ཡིན་གསུང། དེ་དུས་བཟང་ལྡན་གྱི་ཟུར་ཆོས་དང། སེར་ཆེན་གྱི་མཁན་པོ་སྦྲག་གི་ཡོད། ཆོས་རྗེ་པཎ་ཆེན་པ་ལ། ཕག་མོ་ཐོན་འབྱུང་
གི་རྒྱུད་ནས་བཤད་པའི་ཕག་མོ་ཤེས་རབ་གསལ་བྱེད་ཀྱི་རྗེས་སྣང་དང་ཆོས་སྐོར་གསན། ཅུང་གི་ཕུལ་སྐོར་དེ་ཤེད་ན། ལ་རུ་བའི་ཕུག་པར་གྲགས་པའི་བྲག་ཕུག་དུང་གི་ཁོག་པ་འདྲ་བའི་སྟེང་ན་ཕུག་པ་ཡོད་པ་རེ་བས་བཀག་ན་མུན་པ་ཐུབ་པ། དེ་གསལ་ན་ཕྱག་དཔེ་གཟིགས་ལ་ནང་ཡངས་པ། མདོ་ན་བླ་གཡེ་ཐོག་ཡོད་པ་གཅིག་ཡོད་འདུག་པ་དེར། ལམ་འབྲས་ཀྱི་འཁྲུལ་འཁོར་དང་། ཕག་མོའི་བསྙེན་བསྒྲུབ་མཛད་དེ། དེར་ཞལ་གཟིགས་པར་ནི་གྲགས། རྗེ་པ་རང་ནི་མི་གསུང་ངོ། དེ་དུས་སློབ་དཔོན་བཟང་པ་བཙུན་ཆུང་དུ་ཡོད་འདུག་པའི་རྟོག་པ་ལ། མཁེན་གཉག་དཔོན་འདི་འབབས་འདོད་