[A:༡༥བ] ཀྱིས་གྲོས་བྱས། ཁོང་པ་སྟོན་པ་བཟང་པོ་གཅིག་ཡོད་འདུག་སྟེ། ཁ་པོ་དེ་ཆེ་གྲགས་པས། ཁྱེད་སློབ་དཔོན་སངས་རྒྱས་རྒྱལ་པོས་རྨ་ཕེབས་པ་གཅིག་ཨེ་ཡོང་ལྟོས་ཟེར་ནས། བསམ་བློ་མ་ཁྱེར་དེ་བྱུང། ཁོང་གིས་གཞུང་གཅིག་ཀྱང་དྲིས། དྲི་བ་མང་པའང་མཛད། དེ་ལ་གཞུང་སྟེངས་ཀྱི་ཐལ་གྱུར་གཅིག། སྟོབས་མཚུངས་པ་གཅིག། ཚིག་འཁྲི་གཅིག་དང་གསུམ་བྱས། ཁ་སང་གི་ཁ་ཕོ་དེ་ཐོན་ཟེར། ཨེན་ཁོང་གི་གནད་དེ་མ་གོ་འདུག་པས། གཞུང་རྒྱབ། སྟོབས་མཚུངས། ཚིག་འཁྲི་གསུམ་ལ། ཐལ་གྱུར་གཅིག་
སྟོབས་མཚུངས་གཅིག། ཚིག་འཁྲི་གཅིག་དང་
གསུམ་བཏང་པས། འཁོར་གསུམ་ཁེལ། ཁོང་པ་ཤིན་དུ་མམ་པར་བྱས། དེ་ནས་བྱིན་གྱིས་ཁོང་ལ་རྩོད་མི་ཕོད་པར་འདུག་ཟེར་ནས། ཇོ་གདན་སྟོན་ཤག་པས་ཞུ་བ་པོའི་ཐིལ་མཛད། ཐེག་པ་གསུམ་དང། བསླབ་པ་གསུམ་དང། རྒྱུད་སྡེ་བཞི་དང། གྲུབ་མཐའ་བཞི་དང། མདོ་སྔགས་ཀྱི་ཁྱད་པར་སོགས། ཐེག་པ་སོ་སོའི་འདོད་ཚུལ་དང། དགོངས་པ་གང་ཡིན། ཤིན་དུ་ཟབ་པ་བདེ་གཤེགས་སྙིང་པོའི་དྲི་བ་སོགས་མང་དུ་བཀོད་པའི་དྲི་བ་བྱུང་པ་ལ་དྲིས་ལན་ལེགས་བཤད་རྒྱ་མཚོ་མཛད། ཐམས་ཅད་ཀྱི་ཚད་མར་འཛིན། དུས་ཕྱིས་ཀྱང། པཎ་ཆེན་ནས་དེང་སང་གི་བར་ལ་ཚོགས་པ་སྡེ་བཞི་ལ་མཁས་བཙུན་བཟང་གསུམ་སོགས་གང་གི་ཆ་ནས་ཀྱང། རྗེ་རིན་པོ་ཆེ་ལས་འཇིགས་པ་མ་བྱོན་པར་འདུག་ཞེས་བྱིན་ཞལ་འཆམ་པར་འདུག་གོ། རྟ་དཔོན་ཨ་དགེ་བའི་གཞི་བ་ལ། རྒྱལ་པོ་གཅིག་གིས་བདག་བྱེད་པ་བྱུང། དེར་གྲལ་ལྔའི་དབང་ཚར་གཅིག་བྱས། ཁོ་རང་སྐོར་དང། སྐོ་ལ་བསྲུང་པ་བཏགས་པས། རྒྱལ་པོས་མ་རྙེད་པར། དུས་ཕྱིས་གནོད་པ་མེད་ཅིང། དེའི་གྲགས་པས། ནད་པ་གང་ཡོད་ཀྱི་སར། དབང་དང་གདམས་པ་གནང་པ་ལ་ཕེབས་དགོས་པ་བྱུང་སྟེ། ཐམས་ཅད་ལ་ཕན་