[A:༢༢བ] དུས་རིང་ཞིག་ལ་ཕེབས་པར། མགོན་པོ་དང་ལྷ་མོས་གསོལ་བ་འདེབས་པ་དང་། གདུལ་བྱའི་མོས་པ་དབང་གིས་ས་སྨད་སྨོན་དོར་དུ་སྐུ་སྐྱེ་བ་གཞེས། ཆེར་ལོན་པ་དང་རྣལ་འབྱོར་པའི་བརྟུལ་ཞུགས་ཀྱིས། འབྲི་ཁུང་ཐེལ་པའི་ལག་ནས་གདན་ས་མ་ལག་དང་བཅས་པ་ཕྲོགས། རྣམ་ཐར་གྱིས་མདའ་རར་ཕེབས། ཕྱིང་ནག་གཅིག་ཡོད་པ་ལ། དཔོན་སློབ་བཅུ་གསུམ་པོའི་ཞ་ནག་རེ་བཅོས། དཔལ་ལྡན་འཚུར་ཕུར་ཞ་ནག་གསོལ་བའི་དཔོན་སློབ་བཅུ་གསུམ་པོས། གངས་པའི་སྐུ་འདྲ་གསེར་སྐུ་དེ་ཐལ་ཕུང་ཁར་གྲད། བེར་ཁས་བསྣུན་ངའི་དགོན་པ་འཚང་ས་སོགས་ཀྱི་རྒྱུ་མཚན་ཅི་ཡིན་གསུང་བ་སོགས་ཁྲིམས་དར་མཛད། དུས་གསུམ་མཁྱེན་པའི་སྐུ་འདྲགསུང་འབྱོན་མ་དེ་ཡར་ལ་ཐེགས་གསུང་ནས། དེའི་འོག་ན་ཞྭ་ནག་གཅིག་དང། བེར་ཐུལ་གཅིག། ཤེལ་ཕྲེང་གཅིག་རྣམས་འདུག་པ་བཏོན། སྐུ་ལུས་ལ་བསྣམས་དེ་ནས་ཞ་ནག་ཅན་རེ་རེ་མཛད། ཤམ་ཏེ་དཀར་པོ་ཡང་ཟེར། བདུད་དགའ་རབ་དབང་ཕྱུག་གི་སྤྲུལ་པ་སེ་ཆེན་རྒྱལ་པོ་འདུལ་བ་ལ། ཧོར་ཡུལ་དུ་བྱོན་རྫུ་འཕྲུལ་བསམ་ལས་འདས་པ་བསྟན། སྔོན་གྱི་སྨོན་ལམ་གྱིས་དབང་གིས་ཆུ་མེད་པའི་འཇམ་ལམ་ལ་ཟླ་བ་གཅིག་
ཙམ་
བྱོན། ནམ་འདོད་དུས་གཱ་ག་ཆུ་ཐོང་གསུང་ནས། སྦ་ལྕགས་རྩུགས་པ་ན་མི་རྟ་གང་ཡོད་ངོམས་པའི་ཆུ་བྱུང་པ་སོགས། གྲུབ་བརྟགས་དུ་མས་མཐའི་རྒྱ་མཚོ་་་་་་་་་གཟིངས་སྨན་ཚེའི་ཡུལ་དུ་རླུང་གི་ནུས་པས། འབྲས་བུ་སྨིན་པར་བྱས་སོག་པོའི་རྒྱལ་པོས། རིན་ཆེན་བེ་ཆེ་ཤིང་རྟ་གང་ཙམ་ཕུལ། དེ་ལ་བརྟེན་ནས་ཚུར་ཕུར་གཙུག་ལག་ཁང་ཆེན་གཞེངས་པའི་གྲུབ་ཐོབ་ཆེན་པོ་དེས། གངས་རིའི་ལྗོངས་འདིར་ཡང་གྲུབ་བརྟགས་མང་དུ་བསྟན་ཏེ། མཐར་སྐུ་སྐྱེ་དེའི་ཕྲིན་ལས་རྫོགས་པའི་དུས་མཁྱེན་ནས། གྲུབ་ཆེན་ཨུ་རྒྱན་པ་ཞེས་མཚན་ཉི་ཟླ་ལྟར་གྲགས་པའི་སྐྱེས་ཆེན་དམ་པ་དེ་ཉིད། རྒོད་ཚང་པ་ཆེན་པོའི་སྐུ་སྐྱེ་གྲའི་སྙེ་མདོར་བྱོན་པ་དང་འཇལ་བ་ལ་དབུས་ཕྱོགས་སུ་ཕེབས། སིལ་མ་ལ་ལ་འབྱོན་དགོས་པ་ཡོད་ཙ་