R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༢༢ན
[A:༢༢ན] ན། སྟག་གྲུ་ཁར་ཕེབས་པ་དང། རྗེ་ཀརྨ་པའི་ཏིང་ངེ་འཛིན་གྱི་ནུས་པས། འདུན་པ་ལོག་ཀརྨ་པའི་དྲུང་དུ་འབྱོན་དགོས་པར་འདུག་དགོངས་ཏེ། གྲུ་རྒྱབ་བྱང་ལམ་ལ་བྱོན། སྙེ་མོ་གཞུ་ཀུན་དགའ་ར་བའི་ཐད་དུ་ཕེབས། སློབ་དཔོན་དོན་ཡོད་ཅེས་བྱ་བ་ལ་ཕུར་པའི་བཀའ་བསན། དེ་དུས་གྲུབ་ཆེན་ཀརྨ་པས་མཚན་མོ་གཞེངས་ནས་གཟིམས་ཁང་སྟེང་དུ་བྱོན་ཏེ། ཀྱི་ཁ་འཁྱགས་ཚོ་ལོངས། སྟོད་ནས་གྲུབ་ཐོབ་ཨུ་རྒྱན་པ་བྱ་བ་གནམ་གྱིས་ས་བཀབ་པ་འདྲ་བ་འབྱོན་གྱི་ཡོད། བུ་རམ་བག་ཏེ། ཟན་རྫིས་གསུང། དེ་ཨུ་རྒྱན་པས་ཀྱང་མཁྱེན་ནས། ཀརྨ་པའི་སློབ་མ་རྣམས་བྲེལ་སྟེ་འདུག། རང་རེ་བཅག་མལ་གྱིས་གསུང་ནས། ཨུ་རིའི་མདུན་དུ་བཅག་མལ་མཛད།
ཡང་འཚུར་ཕུའི་ཕུར་ཡང་བཅག་མལ་མཛད།
དེ་དུས་སུ་ཀརྨ་པས་ཐབ་ཀ་བ་ལྔ་བྱ་འདྲེན་ལ་བཏང། དེ་ནས་འཚུར་ཕུ་ལུང་པར་སྐྱེ་བོའི་ཚོགས་ལུང་པ་ཁེངས་པ་བྱུང། བྱིན་རླབས་ཞུ་མིས་ལམ་མ་ཐར་བ་དང། ཁམས་པ་རྒྱུག་པ་ཐོགས་པ་ལྔ་བཅུ་ཙམ་བཏང་ནས། དེ་རིང་གྲུབ་ཐོབ་ཆེན་པོའི་དྲུང་བཀོར་ངེད་ཀྱིས་བྱེད་པ་ཡིན་ཟེར་ནས་རྒྱུག་པ་རྒྱབ་པས་ལམ་ཐར། དེ་ནས་ཕྱི་རོལ་དུ་གཟིམས་སྦྲ་བཏབ། ཨུ་རྒྱན་པས་གྲུབ་ཐོབ་ཀརྨ་པའི་གཟིམས་ཁང་དང། ནང་གི་བརྟེན་མཆོད་རྣམས་གཟིགས་ནས་འདི་ལྟར་འདུག་གསུངས་པས། ཐམས་ཅད་ཧ་ལས་ཤིང་དད་པར་གྱུར་སྐད། དེ་ནས་ཀརྨ་པའི་ཞལ་ནས། ཨོ་གྲུབ་ཐོབ་ཨུ་རྒྱན་པ་ཞག་གསུམ་གྱི་གོང་ནས་ཕེབས་རྒྱུ་ད་བར་མ་བྱོན། ཟན་རྣམས་རྡུལ་དུ་བཅུག་གསུང། ཟན་ཁྱག་པར་སོང་ནས་མ་ཕེད། ཨུ་རྒྱན་པས་དེ་བར་མི་སླེབ་པ་ཟློག་སྒོམ་བྱས་པ་ཡིན་ཞུས་པས། ཁལ་ནས་དེ་བྱེད་ན། ཁར་སྐྱག་པ་ཆུག། འཕོངས་སུ་བུ་རམ་ཆུག་གསུང། ཟན་མ་ཕེད་པ་དང། དེ་ཕྲལ་ཀརྨ་པའི་གཏུམ་མོའི་ནུས་པས་ཟན་དེ་རྣམས་ཟན་དྲོན་རླངས་ཐོལ་ལེ་བསྟེར་སོང། དེ་ལ་སོགས་པའི་རྣལ་འབྱོར་པའི་