[A:༣༦ན] བྱ་བ། མདོ་སྨད་བྲ་ཏི་ཤར་པའི་དབོན་པོ་དཔོན་སློབ་རྣམས་ཀྱིས་བསྙེན་རྫོགས་ཞུས། དེ་དུས་བླ་མ་བཟོད་པ་དང། དགེ་བཤེས་གྲགས་པ་སེང་གེ་དང། གྲགས་འོད་ཟེར་བ་གཅིག་རྣམས་ལ་ཉམས་ཀྱི་སྣང་བ་ལ། ཉི་མ་ཤར་ཕྱོགས་སུ་ཟླ་བ་དང། ཉི་མ་དང། སྐར་ཕྲན་ཆེ་ཆུང་མང་པོ་འགྲོ་ཡིན་འདུག་པ་སྙམ་བྱེད་ལགས་ཞུས་པས། རྗེ་པའི་དགོངས་པ་ལ། སྔོན་རྒྱ་གར་ནས། བོད་དུ་བསྟན་པ་མགོ་མ་དར་བའི་སྔ་ལྟས་ལ་འདི་ལྟར་བྱུང་པ་ཡིན། དེའང་རྒྱ་ནག་དུ་བསྟན་པ་དར་བ་གཅིག་འགྱོགས་པར་ཡོང་པར་འདུག། དེའི་ཕྱི་ལོ་དཔལ་སེན་བྱ་བ། ཆུ་མོ་བྱའི་ལོ་ལ་རྒྱ་ཡུལ་ནས། ཆོས་རྗེ་དེ་ནི་ལེགས་པའི་གདན་འདྲེན་གྱི་རང་ནི། དུ་ཁང་དང། ལི་དུ་སྲི་སོགས་ཕེབས། ཤིང་ཕོ་ཁྱི་ལོ་ལ་ཆོས་རྗེ་གོང་དུ་ཐེགས། དེ་དུས་རྟེན་རིང་སྲེལ་བསམ་གྱིས་མི་ཁྱབ་པ་མང་པོ་རྒྱ་ཡུལ་ལ་གདན་དྲངས་ཤིང། མེ་ཕག་གི་ལོ་ལ། རྗེ་རིན་པོ་ཆེའི་དྲུང་དུ། གོང་མ་རྒྱལ་པོ་ལུང་དང། གནང་སྦྱིན་ཚན་ཆེ་བ་དང། བོད་རྒྱལ་པོ་གྲགས་སེ་རྒྱལ་མཚན་དཔལ་བཟང་པོ་དང། གཞན་ཡང་ཆོས་དཔོན་དང་སྡེ་དཔོན་རྣམས་ལ་ཡང་ལུང་གན་གཞི་སྦྱིན་མང་པོ་ཕེབས། དེ་དུས། དབུས་གཙང་གི་རྟེན་བྱིན་རླབས་ཅན་མང་པོ་ཕལ་ཆེ་བ་གདན་དྲངས། བསྟན་པ་རྒྱ་ནག་ཏུ་དར་བར་གྱུར་པ་དང། ཡང་ཕྱོགས་ནས་དེ་རིང་འདི་འདྲ་གཅིག་འོང་བར་འདུག། དེའི་གྲབས་ཀྱིས་གསུང་བ་སོགས་ཐོག་དུ་བབས་པ་ཁོ་ན་འོང་བ་ཡིན་ལ། སྐབས་གཅིག་སྨོན་ནོ་པ་ཏ་བཞིན་རྣམས་ཀྱི་སར་ལྷ་སར་གཞུད་པ། དེ་རིང་སེམས་ཅན་སྨོན་པར་འདུག་པས། སྟེང་འོག་ཚོར་གད་གྱིས། གཞི་གྲབས་སྟེང་ཤོད་གཉིས་སུ་གྱིས་གསུང། དེའི་གྲོ་ཁ་ཨེ་བྱུང་ལྟོས་གསུང། ལན་གསུམ་གྱི་བར་སྐྱར་ནས་མ་བྱུང་ཞུས་པ་ན། སྒོ་འགག་དུ་སློབ་དཔོན་