R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༣༩ན
[A:༣༩ན] ལྟོས་པ་མེད་པ་དང། རྟག་པར་ཚུལ་ཁྲིམས་ཀྱི་དྲི་ངད་དང་ལྡན་པ་དང། ཆོས་གསུང་བའི་ཚེ་ཐག་ཉེ་རིང་ཁྱད་མེད་དུ་གསལ་ལ། དུད་འགྲོས་ཀྱང་ཆོས་ཉན་དུ་འོང་བའི་ཕྱིར་དང། ཆོས་སྟོན་པ་ལ་ཐོགས་པ་མེད་པ་དང། འབད་རྩོལ་མེད་པ་དང། ཆོས་ཐམས་ཅད་ལ་དབང་འབྱོར་བའི་ཡེ་ཤེས་ཀྱི་གཟིགས་པ་རྣམ་པར་དག་པ་དང། བསམ་གྱིས་མི་ཁྱབ་པའི་རྒྱན་གྱིས་མཛེས་པ་དང། དགེ་བའི་ལས་ལ་སྦྱོར་བའི་ཕྲིན་ལས་རྣམ་པར་དཀར་བ་དང། ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་དང། སྨོན་ལམ་གྱི་སྟོབས་བསམ་གྱི་མི་ཁྱབ་པ་དང་མཚུངས་པ་དང། རིགས་དྲུག་གི་སེམས་ཅན་ལ་མའི་འདུ་ཤེས་རྒྱུན་མི་འཆད་པ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་ཚུར་མཐོང་གི་ཡུལ་མ་ཡིན་པས། ཐ་མལ་གྱི་ཚུལ་བཟུང་ནས་སྣ་ཚོགས་པའི་གདུལ་བྱ་སྐྱོབ་པར་མཛད་པ་ནི་ཆེད་དམ་ཡིན་པའི་ཕྱིར་རོ། དེ་ཚེ་ལྷའི་མེ་ཏོག་ཆར་ལྟར་ཕབ། སྟོན་མཆོག་ངོ་མཚར་དད་བཏན་བརྟེན་དུ་གཞག། དྲི་བཟངས་སད་ཀྱིས་སྟོང་གསུམ་ཁྱབ་པར་མཛད། རྣམ་པར་དཀར་བའི་འཇའ་འོད་སྤྲོས་ལ་འདུད། དེའང་འདི་སྐད་ཐོས་ཏེ། སྔོན་ཕ་དམ་པ་སངས་རྒྱས་ཀྱི་ཞལ་ནས། བོད་འདི་རྣམས་ཀྱིས་ཨ་ཙ་རའི་ཤ་ཟོས་ན། མཁའ་སྤྱོད་དུ་འགྲོ་བར་འདུག་ཏེ། བློ་ཉེས་བྱེད་པར་འདུག་གསུང་པ་དང། བུད་མེད་གཅིག་གི་
སར་
ཨ་ཙ་ར་གཅིག་བྱུང་ནས། དམ་པ་སངས་རྒྱས་དང་ཕྲད་ན་འགྲོ་རན་གསུང། དེ་ཕྲལ་ལ་ཕྱིན་པ་ན། སྤུར་ཁང་ལ་གཞུས་ཕུལ་བས། དེ་ལས་བདུད་རྩིའི་རྒྱུན་འཛགས་པ། གཞན་དག་གིས་ཁྲག་དུ་ངོས་བཟུང། བུད་མེད་དེས་དེ་མཐུངས་པས། སྐད་གཅིག་དེ་ལ་མཁའ་སྤྱོད་དུ་གཞུད་ཟེར། དེ་དང་མཚུངས་པར། འདིར་ཡང་གདུང་ལ་གཞུས་ཕུལ་བ་ན། སློབ་མ་རྣམས་ཀྱི་དད་པའི་སྟོབས་དང། ཐུགས་རྗེའི་བྱིན་བརླབས་བསམ་གྱིས་མི་ཁྱབ་པས། སྐུ་ལུས་ཀྱི་ཆ་ཐམས་ཅད་ནས་བདུད་རྩིའི་