R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༣༩བ
[A:༣༩བ] རྒྱུན་མར་ནག་རྩགས་པ་བཞིན་བབ། དེའི་ཐིགས་པ་ཕྱིར་འཕྲོས་པ་ལ། སྐྱེད་རིམས་ལ་བརྟན་པ་ཐོབ་པའི་བརྟགས་སུ་ངོ་མཚར་བའི་བརྟེན་། ཆེ་ཆུང་ནས་འབྲུ་ཙམ་པ་། ཞབས་རྡོ་རྗེ་དཀྱིལ་དཀྲུངས། ཕྱག་མཉམ་གཞག་གི་སྟེང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ། གྲི་ཐོད་འཛིན་པ། ཞབས་གཉིས་པདྨའི་སྟོབས་ཀྱིས་ཡབ་ལ་འཁྲིལ་བ་གསལ་ལ་དོད་པ་འདི། ཞུན་དང། ས་རྡོ་འདྲེས་པའི་ཁྲོད་ནས་བདག་ལ་བྱོན་ལ། དེ་ནས་དུང་གཡས་འཁྱིལ་གསལ་ལ་དོད་པ།་རིང་སྲེལ་གྱིས་རྒྱན་པ་གཅིག་བྱོན་པའི་ཕྱིར་མི་ལྡོག་པའི་བརྟགས་སུ་བསྟན། དེ་རྗེས་རིང་སྲེལ་དང། ལྷ་སྐུའི་རྣམ་པ་དོད་པ་ནི་གདུལ་བྱ་མང་པོའི་ཕྱག་ཏུ་བྱོན། རྐང་དཀར་པོ་གཅིག་གི་ནང་ན་བེ་རུ་རྱཱའི་མདོག་ཡོད་པ་གསལ་མི་གསལ་སྣ་ཚོགས་སུ་སྣང་བའི་དུས་འཁོར་གྱི་རྩ་སྔགས་དང། གཞན་ཡང་ཡིག་འབྲུ་གསལ་ལ་དོད་པའི་སྐུ་གསུང་ཐུགས་ཀྱི་སྙིང་པོ་དང། རིགས་ལྔའི་ཕྱག་མཚན་གྱི་རྣམ་པ་མང་པོ་བྱོན་ཡོད་པར་འདུག་ཏེ། གཞན་དག་གིས་གྲོངས་པའི་བརྟགས་ལ་ཡང་མཚན་དུ་མཛད།
ཁོ་བོ་ནི་གསོན་པའི་དུས་ཀྱི་བརྟགས་ལ་ཡ་མཚན་དུ་བྱེད་པས། དེ་ཙམ་ཞིག་ལས་མ་སྤྲོས་པ་ལགས། དེ་ནས་རྗེ་རིན་པོ་ཆེ་ཉིདབཟང་ལྡན་གྱི་འཆད་ཉན་མཛད་པའི་དུས། དགོངས་གཅིག་གཉག་ཕུའི་ལྷ་ཙན་དེ། སྐུ་དྲུང་དུ་བྱུང་ནས། སད་མི་དང་ལུག་གཅིག་ཡོང་བར་ཡོད། དེ་ལ་ཁྱེད་རང་གི་ཚེ་འདིའི་གཡོག་ཆོལ་ཞེས་ལུང་བསྟན་པའི་སློབ་དཔོན་ནོར་བུ་བཟང་པོ་ཉིད་ཀྱིས། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་བསོད་ནམས་མངོན་པར་འཕེལ་བའི་དོན་དུ། སླར་ཡང་ཕྱི་རྟེན་བྱང་ཆེན་མཆོད་བརྟེན་གཞེངས། སྐུ་གདུང་ལས་གཞེངས་སུ་གསོལ་བའི་དྲི་མེད་འབུམ་གཏོར་དང། ནང་བརྟེན་སྐུ་འདྲ། གསུང་གི་བརྟེན་དུས་འཁོར་རྒྱུད་འགྲེལ་གསེར་ལས་གྲུབ་པ་རྣམས་ལ་ཕྱོགས་འཆན་བཏབ་པ་གཞེངས། རབ་ཏུ་གནས་