R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 80
[A:80]ནས་ཞག་བདུན་བརྒྱད་ཀྱི་བར་དུ་ཁོང་རྣམས་དང་ལྷན་ཅིག་བསྐོར་བ་དང་ཕྱག་དང་མཆོད་པ་དང་གསོལ་བ་གདབ་པ་སོགས་ལེགས་པར་མཛད་ནས། ནམ་བཟའ་སོགས་འཁུར་རོགས་དགོས་པ་རྣམས་ཁོང་གི་གྲྭ་པ་རྣམས་ལ་བཅོལ། ངེད་རྣམ་གཉིས་ཐང་སྐྱ་ལ་འབྱོན་གསུང་པ་ན། དེ་བཞིན་དུ་བྱེད་གསུང་ནས། གཞན་རྣམས་གྲྭ་པ་ལ་བསྐུར། འོན་ཀྱང་རྗེ་ཉིད་ཀྱིས་ཆོས་ཕྱིར་གྱི་དཀའ་སྤྱད་ཡིན་སྙམ་དུ་དགོངས་ནས་ཕྱག་དཔེ་མདའ་ཚད་སྤོ་ཏི་ཆེ་བ་གཉིས་བསྣམས་པ་ན། ཡ་ཚད་ནས་བླ་མ་དེས། གུས་པ་ཆེན་པོས་ནན་གྱིས་དེས་བླངས་ནས། རང་རེ་པ་དགེ་བའི་བཤེས་གཉེན་ཆེན་པོར་འདུག་པ་འདི་ལ་ཁྲེས་པོ་བཀུར་ནས་བདག་སྟོང་པར་སོང་ན་སྡིག་ཤིན་ཏུ་ཆེ་བར་འགྱུར་རོ་ཞེས་ཞུས་ནས་ཁོང་པས་ཅུང་ཞིག་བསྣམས༑ དེ་ནས་དེ་ཡང་གྲྭ་པ་རྣམས་ཀྱིས་ནན་གྱིས་ཞུས་ནས་འཁུར་ཏེ། རིམ་ཀྱིས་ཕྱི་བྱས་ནས་གཙང་དུ་ཕེབས། ལང་འགྲོ་སྟག་ཚང་གི་མདར་སོན་པ་ན། འཆུམས་པ་དཔོན་སློབ་ཀྱིས། ལུང་པ་འདིའི་ཕུ་ན་བཞུགས་པས་ངེད་ཀྱིས་ཕྱག་ཕྱི་བ་བཏོང་བས་དེར་ཕེབས་པ་ཞུ་ངེད་བྱིན་པོ་ད་ལན་ལ་ཤངས་ལ་འགྲོ་རིང་པ་གཅིག་བདོག་གོ་ཞེས་ཟེར་ནས། ཞང་པོ་དགེ་འདུན་ཟེར་བའི་དགེ་ཚུལ་རྒྱགས་པ་གཅིག་ཡོད་པ་ཕྱག་ཕྱིར་བཏང༌། ཕྱག་དཔེ་ཐམས་ཅད་དེས་བྲགསཕྲེས་ ནས་ཁྲེལ་པོ་ཤིན་ཏུ་ཆེ་བ་གཅིག་བྱས་ནས་ཕྱག་ཕྱི་བྱས་ཏེ། སྟག་ཚང་རྫོང་ཁར་ཕེབས༑ དེ་ནུབ་སྐུ་མདུན་དུ་ཞུ་བ་ཐོངས་ཙམ་མཛད་པ་ན། སང་སྔ་མོར་ཞོགས་ཇའི་སྟེང་དུ་བྱོན་གསུངས་པ་བྱུང་ནས་ཕེབས༑ དར་ཡུག་བཟང་པོ་གཅིག་འཇལམཇལ་དར་ཕུལ། ཞལ་མཐོང་བ་དང་སྐུ་ལ་རེག་པ་ཙམ་གྱིས། ཡུན་རིང་པོ་ནས་བསམ་པའི་དོན་འགྲུབ་པ་དང༌། ཡུལ་གྱི་ཚོགས་གཉིས་ལེགས་པར་